སྤ་རོ་ལུ་ ཕོ་མོ་འདྲ་མཉམ་གྱི་ རྒྱལ་ཡོངས་དང་ལེན་འཆར་གཞི་༢༠༡༩-༢༣ ཅན་མའི་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

རྒྱལ་ཡོངས་དང་ལེན་འཆར་གཞི་གིས་ ཕོ་མོ་འདྲ་མཉམ་ཡར་དྲག་གཏང་ནི།

༉ མི་སྡེའི་ནང་ ཕོ་ཞན་རུང་བྱིན་མི་ མོ་དྲག་རུང་ལེན་མི་ཟེར་ སླབ་སྲོལ་ཡོད་མི་ཚུ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་བཞིན་དུ་ ཡོད་མི་ལུ་བརྟེན་ ཕོ་མོ་འདྲ་མཉམ་གྱི་ ཐོབ་དབང་ནང་ ཨམ་སྲུ་ཚུ་ལུ་ གདོང་ལེན་བྱུངམ་ཨིན་པས།
དེ་འབདཝ་ལས་ ཨམ་སྲུ་ཚུ་གི་ གནས་སྟངས་ཡར་དྲག་དང་ ཕོ་མོ་འདྲ་མཉམ་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་བྱིན་ནི་དང་ ལམ་སྟོན་འབད་ཐབས་ལུ་ རྒྱལ་ཡོངས་ཨ་ལོ་དང་ཨམ་སྲུ་ལྷན་ཚོགས་ཀྱིས་ ཕོ་མོ་འདྲ་མཉམ་གྱི་ རྒྱལ་ཡོངས་དང་ལེན་འཆར་གཞི་༢༠༡༩-༢༣ ཅན་མ་ བརྩམ་པའི་བསྒང་འདུག།
དང་ལེན་འཆར་དེ་གིས་ རྒྱལ་ཡོངས་ཕོ་མོ་འདྲ་མཉམ་སྲིད་བྱུས་ དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིནམ་ད་ སྲིད་བྱུས་དེ་ ད་ལྟོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་ འཆར་གཞི་༡༢ པ་ལས་བརྒལ་ཏེ་ ཕོ་མོ་འདྲ་མཉམ་ནང་ བར་འཛུལ་འབད་ནི་ལུ་ ཡོངས་སུ་རྫོགས་པའི་ འཆར་གཞི་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པས།
དང་ལེན་འཆར་གཞི་གིས་ ཕོ་མོ་འདྲ་མཉམ་གྱི་ གཞི་དོན་གཙོ་བོ་༡༢ འགྲུབ་ཚུགས་འབད་ནི་དང་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་ཡོདཔ་ད་ གཞི་དོན་ཚུ་ཡང་ གཞུང་སྐྱོང་ལེགས་ལྡན་དང་ ཨམ་སྲུའི་རྩུབ་སྤྱོད་ དཔལ་འབྱོང་གོང་འཕེལ་ བརྡ་བརྒྱུད་ རྩེད་རིགས་ དེ་ལས་ རང་བཞིན་གནས་སྟངས་ལ་སོགས་པ་ཚུ་ཨིན་པས།
འབྲུག་ནང་འཁོད་ཞིབ་འཚོལ་དང་ གོང་འཕེལ་ལྟེ་བའི་གྲོས་སྟོན་པ་ བསོད་ནམས་དབྱངས་ཅན་གྱིས་ རྒྱལ་ཡོངས་དང་ལེན་འཆར་གཞི་ཟིན་བྲིས་ གསལ་ཞུ་འབད་མིའི་ནང་ སྲིད་བྱུས་དང་ བཅའ་ཁྲིམས་ཚུ་ནང་ ཕོ་མོ་འདྲ་མཉམ་གྱི་ མཐོང་འཆར་ཚུ་ཡང་ གཞུང་སྐྱོང་ལེགས་ལྡན་གནས་ཚད་ནང་ ཨམ་སྲུའི་གྲལ་གཏོགས་ ཡར་དྲག་གཏང་དགོཔ་ འདུག་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཨམ་སྲུ་བརྒྱ་ཆ་༡༦ སྤྱི་ཚོགས་ཀྱི་ འཐུས་མི་དང་ བརྒྱ་ཆ་༡༢.༥ བཀོད་ཁྱབ་གནས་ཚད་ནང་ཡོད་པའི་ཁར་ ཨམ་སྲུ་རྒཔོ་ བརྒྱ་ཆ་༡ ཡོདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་ནང་ ཨམ་སྲུ་ཕུད་རྡོག་གཅིག་ཡང་མེདཔ་ཨིན་པས།
དང་ལེན་འཆར་གཞི་ནང་ གཞི་གནས་༣ ཡོད་མི་ཚུ་ཡང་ སྲིད་དོན་གྱི་ ཕོ་མོ་འདྲ་མཉམ་དང་ མི་སྡེ་དང་ དཔལ་འབྱོར་ཚུ་ཨིནམ་ད་ བསོད་ནམས་དབྱངས་ཅན་གྱིས་ ཐབས་བྱུས་ལ་ལོ་ཅིག་ འཛོལ་བ་མེད་རུང་ ལག་ལེན་འཐབ་ནི་ལུ་ བཅའ་ཁྲིམས་ཅིག་མིན་འདུག་ཟེར་བཤད་ཅི།
མོ་གིས་འབད་བ་ཅིན་ དང་ལེན་འཆར་གཞི་གིས་ ལོ་རྒས་མི་དང་ སེམས་ཁམས་འཕྲོད་བསྟེན་ དབང་པོ་སྐྱོན་ཅན་གྱི་ གནས་སྟངས་ཚུ་ཡང་ བལྟ་ཐོག་ལས་ དབང་པོ་སྐྱོན་ཅན་ཡོད་མི་ ཕོ་མོ་ཚུ་ལུ་ ལཱ་གཡོག་གི་ ལྷན་ཐབས་དང་ འོས་འབབ་ཅན་གྱི་ མི་སྡེ་ཉེན་སྲུང་གི་ ལམ་ལུགས་ཅིག་ བཟོ་འོང་ཟེར་ཨིན་པས།
ད་རེས་ སེམས་ནད་ཐོབ་མི་༧༠༢ དང་ ཚ་གྱང་གི་ནདཔ་༡,༠༠༠ ཆང་དང་ སྨྱོ་རྫས་ལུ་བརྟེན་པའི་ ནད་གཞི་ཐོབ་མི་༣༠༠ དེ་ཅིག་ཡོདཔ་ཨིན་པས།
དང་ལེན་འཆར་གཞིའི་ ཚབས་ཆེན་གྱི་ ས་གོ་༡ པོ་དེ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་འབད་མི་དེ་ཨིནམ་ད་ དེ་གིས་ སྤྱིར་བཏང་མིའི་ཐོབ་དབང་དང་ ཕོ་དང་མོ་གི་བར་ནའི་ དབང་ཚད་ནུས་ཤུགས་ཚུ་ བསམ་ཞིབ་འབད་ནི་ཨིན་པས།
བསོད་ནམས་དབྱངས་ཅན་གྱིས་ སླབ་མིའི་ནང་ ནང་འཁོད་རྩུབ་སྤྱོད་ངོས་ལེན་འབད་མི་ ཨམ་སྲུ་བརྒྱ་ཆ་༥༣.༣ ཡོདཔ་ད་ དེ་གི་སྐོར་ལས་ འཕྲོ་མཐུད་དེ་ར་ གོ་བརྡ་སྤྲོད་དགོ་པའི་ཁར་ ཕམ་ཡ་ཅིག་འབད་མི་དང་ ཁོང་རའི་ཨ་ལོ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ དམིགས་བསལ་ལས་རིམ་ཚུ་ ཚད་གཅིག་ལས་བརྒལ་ འགོ་འདྲེན་འཐབ་ནི་མེདཔ་ལས་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བཟའ་ཚང་གི་ ཁྲིམས་ཁྲི་དེ་ རྫོང་ཁག་ཁྲིམས་འདུན་གཞན་ཚུ་ནང་ཡང་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིནམ་ད་ ནང་འཁོད་རྩུབ་སྤྱོད་དང་ འབྲེལ་བ་འཐབ་ནི་ལུ་ འོས་འབབ་ཅན་གྱི་ སྦྱོང་བརྡར་བྱིན་དགོཔ་དེ་ གལ་ཅན་ཅིག་ཨིན་མས་ཟེར་བཤད་ཅི།
སྣང་འཆར་དང་ ཉེ་རིང་གི་ཐད་ལུ་ ཨམ་སྲུའི་གནས་སྟངས་ཚུ་ མི་སྡེའི་ཚོར་སྣང་བརྩིས་ཏེ་ གནད་དོན་ལེ་ཤ་གི་ཐོག་ལུ་  ཤན་ཞུགསཔ་མ་ཚད་ ཨམ་སྲུ་ཁོང་ར་གི་ ཚོར་སྣང་གིས་སྦེ་ ཉེ་རིང་ཕྱེ་དོ་ཡོདཔ་ཨིན་པས།
ཏི་རུ་མ་བྱིན་པར་ ལཱ་མ་འབད་མི་ཚུ སྲིད་བྱུས་བཟོ་མི་ མང་ཤོས་ནང་ཡོདཔ་ད་ ལས་མིའི་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་རྒྱ་ཆ་༦༡ དང་ ཕོ་སྐྱེས་བརྒྱ་ཆ་༧༤ ཡོདཔ་ཨིན་པས།
ཤེས་ཡོན་དང་ སྦྱོང་བརྡར་གྱི་ཐད་ལུ་ ཨམ་སྲུ་ཚུ་ལུ་ སྤུས་ཚད་ལྡན་པའི་ ཤེས་ཡོན་བྱིན་དགོཔ་བཞིན་དུ་ འབྲིང་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་མི་ ཕོ་སྐྱེས་ལས་ ཨམ་སྲུ་མངམ་ཡོད་རུང་ ལག་རྩལ་ཤེས་ཡོན་ནང་ སྦྱོང་བརྡར་འབད་མི་ གངམ་མེདཔ་ཨིན་པས།
ཕོ་མོ་འདྲ་མཉམ་གྱི་དོན་ལུ་ རྒྱལ་ཡོངས་འཆར་གཞི་དང་ལེན་གསརཔ་བཟོ་མི་དེ་ཡང་ ཨམ་སྲུའི་གནས་སྟངས་ཡར་དྲག་གཏང་ནི་དང་ ཕོ་མོ་འདྲ་མཉམ་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱབ་སྐྱོར་བྱིན་ནི་ དེ་ལས་ གལ་ཅན་གྱི་ སྲིད་བྱུས་ཡིག་ཆ་ཚུ་དང་ རིམ་སྒྲིག་འབད་ནི་ལུ་དམིགས་ཏེ་ཨིན་པས།
བསོད་ནམས་དབྱངས་ཅན་གྱིས་ སླབ་མིའི་ནང་ ཆེ་རིམ་གནས་ཚད་ཀྱི་ གྲོས་ཐག་བཅད་མིའི་ནང་ ཨམ་སྲུ་ཚུ་ བཅའ་མར་གཏོགས་ནི་དང་ འགོ་ཁྲིདཔ་འབད་ནི་ལུ་ ཡར་དྲག་གཏང་དགོ་པའི་ཁར་ དཔལ་འབྱོར་འབྲེལ་འཛིན་དང་ ལྷན་ཐབས་འབད་ནི་ལུ་ གོང་འཕེལ་གཏང་དགོཔ་འདུག་ཟེར་ཨིན་པས།
གནད་དོན་ཐོག་ལུ་  རྒྱལ་ཡོངས་ཨ་ལོ་དང་ ཨམ་སྲུ་ལྷན་ཚོགས་ཀྱིས་ སྤ་རོ་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ ཉིན་གྲངས་༢ ཀྱི་རིང་ལུ་ གྲོས་བསྟུན་ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ཡང་ རྒྱལ་ཡོངས་དང་ལེན་འཆར་གཞི་ཟིན་བྲིས་༢༠༡༩-༢༣ ལུ་ བསམ་ལན་དང་  བསམ་འཆར་ཚུ་ བསྡུ་ལེན་འབད་ནི་ དེ་ལས་ དང་ལེན་འཆར་གཞིའི་ གཞ་དོན་གཙོ་བོ་ཚུ་ འབྲེལ་ཡོད་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་ཐབས་ལུ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་ ཨམ་སྲུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ སྦྱོང་བརྡར་དང་ སེམས་ཤུགས་བསྐྱེད་བཅུག་དགོཔ་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ དང་ལེན་འཆར་གཞི་ཚུ་ཡང་ འཆར་གཞི་༡༢ པ་དང་འཁྲིལ་ཏེ་ རིམ་སྒྲིག་འབད་ཡོད་མེད་སྐོར་ལས་ བསམ་འཆར་བཤད་ཡོདཔ་བཞིན་དུ་ འཆར་གཞི་ཚུ་ཡང་ ལག་ལེན་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *