སྤྱི་ལོ་༢༠༡༩ ལུ་ རྒྱལ་ཡོངས་གཟུགས་སྟོབས་དང་ གཟུགས་ཁམས་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་།

རྒྱལ་ཡོངས་གཟུགས་སྟོབས་དང་ གཟུགས་ཁམས་འགྲན་བསྡུར་ ལོ་༣ གྱི་རྒྱབ་ལས་ ལོག་འགོ་འདྲེན་འཐབ་ནི།

༉ རྒྱལ་ཡོངས་གཟུགས་སྟོབས་དང་ གཟུགས་ཁམས་འགྲན་བསྡུར་ ཐེངས་༡༡ པ་དེ་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ གླུ་གར་གློག་བརྙན་ཁང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ ལོ་༣ གྱི་རྒྱབ་ལས་ཨིན་པས།

ད་རེས་ཀྱི་འགྲན་བསྡུར་འདི་ དབྱེ་ཁག་༣ གྱི་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དབྱེ་ཁག་དང་པའི་ནང་ ཕོ་སྐྱེས་ཚུ་གི་ གཟུགས་སྟོབས་འགྲན་བསྡུར་དང་ དབྱེ་ཁག་༢ པའི་ནང་ གཟུགས་གཤིས་འགྲན་བསྡུར་ དེ་ལས་ དབྱེ་ཁག་༣ པའི་ནང་ ཨམ་སྲུའི་གཟུགས་གཤིས་འགྲན་བསྡུར་ཚུ་ འབད་ནི་ཨིན་པས།

དེ་བཟུམ་མའི་ འགྲན་བསྡུར་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ འཕྲོད་བསྟེན་དང་ གཟུགས་ཁམས་ དེ་ལས་ ཟས་བཅུད་ཡར་དྲག་གཏང་ཐབས་ལུ་ཨིན་པས།

ལུས་རྩལཔ་ངོ་ཚབ་ རྟ་མགྲིན་དབང་ཆེན་དང་འཁྲིལ་བ་ཅིན་ འགྲན་བསྡུར་འགོ་འདྲེན་འཐབ་ནི་ཨིན་ཟེར་ མི་སྡེ་བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་བའི་ཤུལ་ལས་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་ཚུ་གིས་ བཅའ་མར་གཏོགས་ནི་ལུ་ དང་འདོད་བསྐྱེད་ནུག་ཟེར་ སླབ་ཨིན་པས།

འདས་པའི་ལོ་ཚུ་ནང་ གཟུགས་སྟོབས་འགྲན་བསྡུར་ནང་ དྲག་ཤོས་ཐོན་མི་ རྟ་མགྲིན་དབང་ཆེན་གྱིས་ སླབ་མིའི་ནང་ འབྲུག་ཨོ་ལིམ་པིག་ཚོགས་པའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་མི་ འགྲན་བསྡུར་ནང་ ཁོ་རང་ཡང་ བཅའ་མར་གཏོགས་ནི་ཨིན་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༡ པའི་ཚེས་༧ ལུ་ འགོ་འདྲེན་འཐབ་མི་ འབྲུག་གཟུགས་སྟོབས་ཚོགས་པའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཀྱི་ གྲོས་ཆོད་དང་འཁྲིལ་བ་ཅིན་ གཟུགས་སྟོབས་དྲག་ཤོས་ཀྱི་འགྲན་བསྡུར་དེ་ སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་ནི་སྦེ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ ཨེ་ཤི་ཡཱན་གཟུགས་སྟོབས་འགྲན་བསྡུར་ནང་ལས་ ཨང་༢ པ་ཐོན་ཏེ་ དངུལ་གྱི་རྟགས་མ་ཐོབ་མི་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འཛམ་གླིང་ནང་ ནད་ཡམས་ལུ་བརྟེན་ དཀའ་སྡུག་བྱུང་བའི་ནམ་དུས་ལུ་ ཚ་གྱང་སྦོམ་ཤོས་ར་ གཟུགས་སྟོབས་འགྲན་བསྡུར་ ག་དེ་སྦེ་ འགོ་འདྲེན་འཐབ་ཚུགས་ནི་དེ་ཨིན་ཟེར་ཨིན་པས།

སྤྱི་ལོ་༢༠༢༡ ལུ་ ནོར་གཏེར་ཨམ་སྲུའི་གཟུགས་སྟོབས་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ ཨྱོན་པདྨ་གིས་ སླབ་མིའི་ནང་ འདི་བཟུམ་གྱི་ འགྲན་བསྡུར་ཚུ་ནང་ ཨམ་སྲུ་མངམ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ མིག་དཔེ་སྦེ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།

ཕོ་སྐྱེས་དང་ ཨམ་སྲུའི་བར་ན་ གཟུགས་སྟོབས་དང་ ཤ་རྒྱུས་ཀྱི་ཁྱད་པར་ཡོད་ལུགས་སྐོར་ལས་ བརྡ་དོན་དང་ གོ་བརྡ་སྤྲོད་ནི་དེ་ ང་གིས་ བཟོ་ནི་ཨིན་ཟེར་ མོ་གིས་བཤདཔ་ཨིན་པས།

སྤྱི་ལོ་༢༠༢༡ ལུ་ ཕོ་སྐྱེས་ཀྱི་དབྱེ་ཁག་ནང་ལས་ གསེར་གྱི་རྟགས་མ་ཐོབ་མི་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ དྲག་ཤོས་ཀྱི་ མིང་གཏམ་འཐོབ་ནིའི་དོན་ལུ་ འགྲན་བསྡུར་འགོ་འདྲེན་འཐབ་མི་དེ་ ན་གཞོན་དང་ རྒྱལ་ཁབ་ཀྱི་དོན་ལུ་ ལེགས་ཤོམ་ཅིག་ཨིན་རུང་ མ་དངུལ་དང་ གཞན་རྒྱབ་སྐྱོར་འབད་མི་མེདཔ་ལས་ གདོང་ལེན་འདུག་ཟེར་ཨིན་པས།

གཟུགས་སྟོབས་འགྲན་བསྡུར་ཐེངས་༡༠ པ་དེ་ སྤྱི་ལོ་༢༠༡༩ ཟླ་༨ པའི་ཚེས་༢༤ ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ། 

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *