མི་དབང་ཨ་ཞེ་ སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ སྨན་བཅོས་ཀྱི་ ཅ་ཆས་ཚུ་གིས་མ་ཚད་ མི་ཉམ་ཆུང་ཚུ་གི་དོན་ལུ་ དུར་ཁྲོད་ཁར་ ཕུངམ་བསྐྱལ་མི་ སྣུམ་འཁོར་བོ་ལི་རོ་ཅིག་ གྲོགས་རམ་གནང་པའི་བསྒང་།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ དངུལ་ཀྲམ་ས་ཡ་༡.༧ གནས་པའི་ ཅ་ཆས་གྲོགས་རམ།

༉ སྤྱི་ཟླ་༩ པའི་ཚེས་༡ ལུ་ མི་དབང་ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ དངུལ་ཀྲམ་ས་ཡ་༡.༧ གནས་པའི་ སྨན་བཅོས་ཀྱི་ ཅ་ཆས་ཚུ་ གྲོགས་རམ་གནང་ཡོདཔ་ཨིན་པས།
སྨན་གཡོགམོ་སྡེ་འཛིན་ རྟ་མགྲིན་དཔལམོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཅ་ཆས་དེ་ཚུ་ གོང་སྦོམ་གནས་མི་ཚུ་འབདཝ་ལས་ ཚབས་ཆེན་ཁང་མིག་དང་ གློ་བུར་ནད་བརྟག་ཁང་མིག་ དེ་ལས་ ནདཔ་བཞག་སའི་ཁང་མིག་ནང་ བཞག་ནི་ཨིན་ཟེར་ཨིན་པས།
ཅ་ཆས་ཚུ་ཡང་ པེཌ་ཨིསི་ལ་ཨེཌ་༡༠ དང་ ཊོ་ལི་༢ ཀེ་ཤིཤ་ཊོ་ལི་༢ གི་ལིཌ་ཨིསི་ཀོབ་༣ པལསི་ཨོག་སི་མི་ཊར་༢ པོ་ཊེ་བཱལ་བེན་ཊི་ལེ་ཊར་༢ སག་ཤཱན་འཕྲུལ་ཆས་༤ སྨན་ཁུ་དང་ཁབ་ཀྱི་པམ་༨ དེ་ལས་ མི་མང་གི་དོན་ལུ་ ཕུངམ་འབག་མི་ སྣུམ་འཁོར་བོ་ལེ་རོ་༡ ཡང་ གྲོགས་རམ་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱིར་བཏང་མི་མང་གི་དོན་ལུ་ ཕུངམ་ཚུ་ དུར་ཁྲོད་ཁར་ འབག་འགྱོ་བའི་སྐབས་ གདོང་ལེན་སྦོམ་བྱུང་དོ་ཡོདཔ་ལས་ སྣུམ་འཁོར་དེ་གིས་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ ཞབས་ཏོག་དེ་ མི་མང་གིས་ སྤྱོད་ཚུགསཔ་སྦེ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
མི་དབང་ཨ་ཞེ་མཆོག་གིས་ སྤྱི་ལོ་༢༠༠༦ ལས་འགོ་བཟུང་ སྨན་ཁང་ནང་ མཛེ་ནད་ཕོག་མི་དང་ དབང་པོ་སྐྱོན་ཅན་གྱི་ནདཔ་ཚུ་ རྒྱལ་ཁབ་ནང་དང་ ཕྱིའི་རྒྱལ་ཁབ་༢ ཆ་རའི་ནང་ མི་ཚེ་བསྐྱར་གསོ་ཚུ་ནང་ སྨན་བཅོས་འབད་མི་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ཡང་ གནང་དོ་ཡོདཔ་ཨིན་པས།
སྨན་ཁང་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ མི་དབང་ཨ་ཞེ་མཆོག་གིས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་གནས་པའི་ སྨན་བཅོས་ཀྱི་ ཅ་ཆས་ཚུ་དང་ བཀོལ་སྤྱོད་མཁོ་ཆས་ དེ་ལས་ སྣུམ་འཁོར་ཚུ་ གྲོགས་རམ་གནང་ཡོདཔ་མ་ཚད་ བཀྲིས་སྒང་དང་ མོང་སྒར་ དེ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ཚུ་ནང་ མགྱོན་ཁྱིམ་རྐྱབ་ནིའི་ མ་དངུལ་གྱི་ གྲོགས་རམ་ཡང་ གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡང་ མགྱོན་ཁྱིམ་ཅིག་ གླ་ཁར་ལེན་གནང་ཡོདཔ་ད་ ཅ་ཆས་རྩིས་སྤྲོད་ལེན་སྐབས་ གསོ་བའི་བློན་པོ་དང་ སྨན་ཁང་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *