རྒྱལ་ཡོངས་ཁྱིམ་བཟོ་སྲིད་བྱུས་ཀྱིས་ ཁྱིམ་མ་ཐོབ་པའི་ དཀའ་ངལ་སེལ་ནི།

༉ ཁྱིམ་བཟོ་དབང་འཛིན་ལས་སྡེ་གིས་མ་དོ་བར་ འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ཡོངས་ཁྱིམ་བཟོ་སྲིད་བྱུས་ ཆ་འཇོག་འབད་མི་ལུ་བརྟེན་ རྒྱལ་ཡོངས་ཁྱིམ་བཟོ་བཅའ་ཁྲིམས་ བཟོ་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིན་པས།
ལས་སྡེ་ནང་ ཁྱིམ་བཟོ་དང་འབྲེལ་བའི་ གནད་དོན་དང་ རྒྱལ་ཡོངས་གནས་ཚད་ནང་ ཁྱིམ་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་འབད་ནི་ ལམ་ལུགས་ཚུ་ བཙུགས་ཏེ་ཡོདཔ་ད་ ལས་སྡེ་གིས་ ཁྱིམ་བཟོ་དང་ལེན་གྲ་སྒྲིག་འཆར་གཞི་དང་ གྲོས་འདེབས་ཚུ་ གཞུང་ལུ་ ཕུལ་ནི་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཁྱིམ་རྐྱབ་མི་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ སའི་རིན་གོང་ མཐོ་དྲགས་ཡོད་མི་དང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ནང་ ཟད་འགྲོ་སྦོམ་གནས་མི་ དེ་ལས་ ཚོང་འབྲེལ་དང་འབྲེལ་བའི་ ཁྱིམ་བཟོ་སྐྲུན་གྱི་ སྐྱིན་འགྲུལ་བཏབ་ནི་ལ་སོགས་པ་ཚུ་ཨིན་པས།
མི་མང་ཁྱིམ་བཟོ་གོང་འཕེལ་ནང་ ས་ཆ་མ་ལང་པའི་ དཀའ་ངལ་སེལ་ཐབས་འབད་ནིའི་ སྲིད་བྱུས་དང་འཁྲིལཝ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ འོང་འབབ་ཆུང་བ་དང་ བར་མའི་དོན་ལས་ ཁྱིམ་ཚུ་རང་ལྡང་སྦེ་ བཟོ་ཐབས་ལུ་ ས་ཆ་གླ་ཁར་གཏང་ནི་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ གོང་ཚད་ཆུང་བའི་ བཟོ་སྐྲུན་གྱི་ ཅ་ཆས་དང་ བཟོ་སྐྲུན་གྱི་ ཟད་འགྲོ་མར་ཕབ་འབད་ནི་ལུ་ འོས་འབབ་ལྡན་པའི་ འཕྲུལ་ཆས་ཚུ་ འཚོལ་ཞིབ་འབད་ནི་ཨིནམ་མ་ཚད་ སྦྱོང་ཚན་གྱི་ཁྱིམ་བཟོ་སྐྲུན་ཡང་ གོང་འཕེལ་གཏང་དགོཔ་ཨིན་པས།
ཁྱིམ་བཟོའི་སྐྱིན་འགྲུལ་གྱི་ སྐྱེད་ཚད་མར་ཕབ་འབད་ཐབས་ལུ་ སྲིད་བྱུས་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཁྱིམ་ཐོབ་ཚུགསཔ་བཟོ་ནི་ལུ་ འོས་འབབ་ལྡན་པའི་ དངུལ་འབྲེལ་གྱི་ སྲིད་བྱུས་ཡར་དྲག་གཏང་དགོཔ་སྦེ་བཀོད་ནུག།
དེ་ལས་ ཁྱིམ་བཟོ་མི་ཚུ་ལུ་ ཁང་ཚན་ཅིག་ བཟོ་སྐྲུན་འབད་ནིའི་དོན་ལས་ སེམས་ཤུགས་མཐུན་རྐྱེན་བྱིན་ནི་ཨིནམ་ད་ གཞུང་གིས་འབད་རུང་ ཁྱིམ་གྱི་གཞི་བཀོད་ཚུ་ ཉེན་སྲུང་དང་ལྡན་པའི་ཁར་ ཁྱིམ་དང་ སྒྲིང་ཁྱིམ་ཚུ་ ཉེན་བཅོལ་འབད་བཅུག་དགོཔ་ཨིན་པས།
ཁྱིམ་བཟོ་བསྐྱར་ཞིབ་ སྲིད་བྱུས་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ འཕྲལ་དང་ ཕུག་གི་ ཁྱིམ་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིནམ་བཞིན་དུ་ ད་རེས་ མི་བརྒྱ་ཆ་༦༥ དེ་ཅིག་ ཁྲོམ་ནང་སྡོད་དོ་ཡོདཔ་ལས་ ཁྱིམ་མ་ཐོབ་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ མི་ཚུ་གིས་ རང་སོའི་འོང་འབབ་བརྒྱ་ཆ་༣༠ དེ་ཅིག་ ཁྱིམ་གྱི་ཁང་གླ་ནང་ བཏང་དོ་ཡོདཔ་ཨིན་པས།
མི་མང་གི་ ཁྱིམ་ཐོབ་ཚུགས་ནིའི་དོན་ལུ་ གཞུང་གིས་ ཁྱིམ་ལངམ་སྦེ་ བཟོ་སྐྲུན་འབད་བའི་ཁར་ ཁང་གླ་དེ་ཡང་ ཚད་ལྡན་སྦེ་ བཟོ་དགོཔ་བཞིན་དུ་ འོང་འབབ་ཆུང་བ་དང་ བར་མ་ཚུ་ལུ་ མི་མང་ཁྱིམ་ཚུ་ ཐོབ་ཚུགསཔ་བཟོ་དགོ་ཟེར་ སྲིད་བྱུས་ནང་བཀོད་ནུག།
སྲིད་བྱུས་ཀྱི་ དམིགས་ཡུལ་ཚུ་ཡང་ སྒེར་སྡེ་ཚུ་གིས་ མཉམ་འབྲེལ་དང་ གཞུང་དང་ ལས་འཛིན་ཚུ་གི་བར་ན་ སེམས་ཤུགས་བསྐྱེད་བཅུག་ཐོག་ལས་ ཁྱིམ་ལངམ་སྦེ་ རྐྱབ་ནི་དང་ རང་ལུགས་ཀྱི་ ལམ་སྲོལ་ཡར་དྲག་གཏང་ནི་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ནང་ ཁྱིམ་གུང་༡༦༣,༠༠༡ ཡོད་མི་ལས་༡༠༢,༦༠༧ གྲོང་གསེབ་ནང་ཨིནམ་ད་ ཁྱིམ་ཡོངས་བསྡོམས་ལས་ བརྒྱ་ཆ་༣༦ དེ་ གྲོང་གསེབ་ནང་ཡོད་པའི་ཁར་ བརྒྱ་ཆ་༧ རྐྱངམ་གཅིག་ ཁྲོམ་སྡེ་ས་ཁོངས་ནང་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *