རྒྱལ་ཁ་ཐོབ་མི་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ སྡེ་ཚན།

རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་གིས་ ཕུཊ་བཱོལ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཟླ་ངོ་༡ གི་རིང་ མོང་སྒར་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་མི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ལོ་ན་རྒས་ཤོས་ཀྱི་ ཕུཊ༌བཱོལ་རྩེད་འགྲན་འབད་མི་དེ་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ མཐའ་བཅད་རྩེད་འགྲན་འབདཝ་ད་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་སྡེ་ཚན་༢ ཀྱི་བར་ན་ དུས་ཡུན་སྐར་མ་༩༠ འི་རིང་ རྩེད་འགྲན་འབད་རུང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ཕུཊ་བཱོལ་གྱི་ སྒྲིག་གཞི་དང་འཁྲིལ་ དུས་ཐེབས་སྐར་མ་༢༠ རྩེད་འགྲན་འབད་ཡི།
ཨིན་རུང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ སྡེ་ཚན་༢ ལས་ རྩེད་འགྲན་པ་༥ རེ་གིས་ པེ་ནཱལ་ཊི་ཀིག་རྐྱབ་པའི་སྐབས་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ རྩེད་འགྲན་པ་༢ ཀྱིས་ གཱོལ་བཙུགས་མ་ཚུགས་རུང་ རྒྱལ་པོའི་ཞིང་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
མ་གཞི་ རྒས་ཤོས་ཀྱི་ ཕུཊ༌བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་པའི་ཤུལ་ལས་ ལོ་༣ གྱི་རིང་ སྦྱེལཝ་སྦྱེལ་སར་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ ན་ཧིང་ཡང་ མཐའ་བཅད་རྩེད་འགྲན་དེ་ རྒྱལ་པོའི་ཞིང་དང་ སྨན་ཁང་སྡེ་ཚན་གཉིས་ཀྱི་བར་ན་ འབད་ཡོདཔ་ཨིན་པས།
རྒས་ཤོས་ཀྱི་ཕུཊ་བཱོལ་རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ མོང་སྒར་ཁྲོམ་ནང་ ཟ་ཁང་གཞི་བཙུགས་འབད་མི་ ཨ་ཤོག་གུ་རུང་གིས་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ རྒྱལ་ཁ་ཐོབ་མི་སྡེ་ཚན་ལུ་ དངུལ་རྐྱང་གསོལ་རས་དངུལ་ཀྲམ་༦༠,༠༠༠ དང་ ཨང་༢ པ་ཐོན་མི་ལུ་ དངུལ་རྐྱང་གསོལ་རས་དངུལ་ཀྲམ་༣༠,༠༠༠ བྱིན་ཡོདཔ་ཨིན་པས།
དེ་མ་ཚད་ གཱོལ་མཐོ་ཤོས་བཙུགས་མི་དང་ རྩེད་འགྲན་དྲག་ཤོས་འབད་མི་ཚུ་ལུ་ དཀར་མེའི་ཀོངམ་ཚུ་ བྱིན་ཡི།
དུས་ཅི་གི་ རྩེད་འགྲན་ནང་ སྡེ་ཚན་༡༤ གིས་ གྲལ་གཏོགས་འབད་མི་ལས་ བཀྲིས་སྒང་དང་ ལྷུན་རྩེ་ དེ་ལས་ མོང་སྒར་རྫོང་ཁག་ལས་ ཚོང་པ་དང་ ལས་འཛིན་ ཞི་གཡོགཔ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *