རྒྱལ་ཁབ་ནང་ ཟླ་ཁྲག་འཕྲོད་བསྟེན་གྱི་ ཉིནམ་བརྩི་སྲུང་།

༉ འབྲུག་གིས་ ད་རིས་ ཟླ་ཁྲག་འཕྲོད་བསྟེན་གྱི་ ཉིནམ་བརྩི་སྲུང་འབདཝ་བཞིན་དུ་ ཁ་ཙ་ འབྲུག་རེཌ་ཌོཊ་༼Red Dot Bhutan༽མི་སྡེའི་སྐྱབས་འཛིན་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དམིགས་བསལ་ཟླ་ཁྲག་འཕྲོད་བསྟེན་འཛིན་སྐྱོང་ལུ་ ག་ར་གིས་ རྒྱབ་སྐྱོར་འབད་དགོ་པའི་ གསུང་འཕྲིན་ཅིག་གནང་ནུག།

དེ་ཡང་ ང་བཅས་ཀྱིས་ རྒྱལ་སྤྱི་ཟླ་ཁྲག་འཕྲོད་བསྟེན་གྱི་ ཉིནམ་བརྩི་སྲུང་འབདཝ་དང་འབྲེལ་ ང་གིས་ འབྲུག་གཞུང་དང་ གོང་འཕེལ་གྱི་མཉམ་རོགས་ དེ་ལས་ མི་ངོ་རེ་རེ་བཞིན་དུ་ལུ་ ཟླ་ཁྲག་འཕྲོད་བསྟེན་འཛིན་སྐྱོང་དེ་ དམིགས་བསལ་ཅན་བཟོ་ནིའི་ བརྩོན་ཤུགས་བསྐྱེད་མི་དེ་ལུ་ རྒྱབ་སྐྱོར་འབད་གནང་ཟེར་ སླབ་ནི་ཨིན། འདི་དང་གཅིག་ཁར་ ང་བཅས་ཀྱིས་ མི་སྡེ་ནང་ ང་བཅས་རའི་བུམོ་དང་ ཨམ་སྲུ་ཚུ་ལུ་ ཟླ་ཁྲག་ལུ་བརྟེན་པའི་ སེམས་སྡུག་དང་ ཚ་གྱང་ དེ་ལས་ ངོ་ཚ་ནི་མེདཔ་བཟོ་ནི་ ཡང་ཅིན་ བར་ཆད་མེདཔ་བཟོ་ཐོག་ལས་ ཁོང་གི་རེ་འདོད་ཚུ་ འགྲུབ་ཚུགསཔ་འབད་ནི་ལུ་ འབད་རྩོལ་བསྐྱེད་དགོ་ཟེར་ རྒྱལ་སྲསམོ་མཆོག་གིས་ བཀོད་གནང་ནུག།

འབྲུག་རེཌ་ཌོཊ་དེ་ གསོ་བ་ལྷན་ཁག་གིས་ ཡུ་ནི་སེཕ་དང་ ཨེསི་ཨེན་བི་ དེ་ལས་ ཨ་ལོ་སྲུང་སྐྱོབ་ལས་སྡེ་ཚུ་གིས་གཙོས་པའི་ གོང་འཕེལ་མཉམ་རོགས་ཚུ་གི་ རྒྱབ་སྐྱོར་ཐོག་ལུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ཟླ་ཁྲག་འཕྲོད་བསྟེན་གྱི་སྐོར་ལས་  གོ་བརྡ་སྤེལ་མི་ ལས་རིམ་ཅིག་ཨིན་པས།

སྤྱི་ལོ་༢༠༡༥ ལས་ རྒྱལ་སྤྱིའི་ནང་ ཨམ་སྲུ་དང་ བུམོ་ཚུ་གིས་ ཟླ་ཁྲག་དང་འབྲེལ་བའི་ གདོང་ལེན་བྱུང་མི་དང་ དེའི་དཀའ་ངལ་ཚུ་ སེལ་ཐབས་ལུ་དམིགས་ཏེ་ ཟླ་ཁྲག་འཕྲོད་བསྟེན་གྱི་ཉིནམ་ བརྩི་སྲུང་འབད་ནི་ འགོ་བཙུགསཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *