རྒྱལ་ཁབ་ནང་ ཉམས་ཉེན་ཅན་གྱི་ ཆུ་བྱ་ཕོཝ་དཀར་༢༣ ཡོདཔ།

༉ ད་རེས་ འབྲུག་རྒྱལ་ཁབ་ནང ཉམས་ཉེན་ཅན་གྱི་ བྱ་རིགས་ཅིག་ཨིན་མི་ ཆུ་བྱ་ཕོཝ་དཀར་༢༣ ཡོདཔ་ཨིན་པས།

དེ་ཡང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ ལོ་བསྟར་ཆུ་བྱ་ཕོཝ་དཀར་གྱི་ གྲངས་རྩིས་རྐྱབ་པའི་ སྙན་ཞུ་ནང་བཀོད་ནུག།

ན་ཧིང་འབད་བ་ཅིན་ ཆུ་བྱ་ཕོཝ་དཀར་༢༢ ཡོདཔ་ཨིན་པས།

སྙན་ཞུ་ནང་ ཆུ་བྱ་ཕོཝ་དཀར་ བརྟག་ཞིབ་འབད་བའི་སྐབས་ ཆུ་བྱ་ཕོཝ་དཀར་རོ་ཅིག་ མཐོང་མི་བརྩིས་ཏེ་ ཆུ་བྱ་ཕོཝ་དཀར་༢༤ ཐོ་བཀོད་འབད་མི་ལས་༢ ཆུ་བྱ་ཕོཝ་དཀར་ཉམས་སྲུང་ལྟེ་བ་ལས་ཨིན་པས་ཟེར་བཀོད་ནུག།

ཨིན་རུང་ ཆུ་བྱག་ཕོཝ་དཀར་ཤི་མི་དེ་ ལོ་བསྟར་ཆུ་བྱག་ཕོཝ་དཀར་གནས་སྡུད་ནང་ བཙུགས་ནི་ལས་ བཤོལ་བཞག་ཡོདཔ་ལས་ ད་རེས་ རྒྱལ་ཁབ་ནང་ ཆུ་བྱ་ཕོཝ་དཀར་༢༣ ལས་བརྒལ་མེདཔ་ཨིན་པས།

ཚོགས་སྡེ་གིས་ ཆུ་བྱ་ཕོཝ་དཀར་གྱི་ གྱངས་ཁ་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༦ ལས་༢༠ ཚུན་ ཉིན་གྲངས་༤ གི་རིང་ འགོ་འདྲེན་འཐབ་ཡོདཔ་ད་ ཨ་རྟག་འབད་བ་ཅིན་ སྤྱི་ཟླ་༢ པའི་ བདུན་ཕྲག་མཇུག་དང་ ཟླ་༣ པའི་བདུན་ཕྲག་དང་པའི་ནང་ འགོ་འདྲེན་འཐབ་དོ་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འབད་མ་ཚུགས་ཟེར་ སྙན་ཞུ་ནང་བཀོད་ནུག།

ཆུ་བྱ་ཕོཝ་དཀར་གྱི་ གྱངས་ཁ་རྐྱབ་ནིའི་ ལས་རིམ་ནང་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་དང་ ས་གནས་ཉམས་སྲུང་རྒྱབ་སྐྱོར་སྡེ་ཚན་གྱི་འཐུས་མི་ ཚོགས་སྡེའི་འགོ་དཔོན་བརྩིས་ཏེ་ མི་༩༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

གྱངས་ཁ་ཚུ་ཡང་ འབྲུག་ལུ་ ཆུ་བྱ་ཕོཝ་དཀར་འོང་ནི་གི་ འོས་འབབ་ཡོད་པའི་ ས་ཁོངས་དང་ གཙང་ཆུ་ས་ཁོངས་སྦོམ་ཚུ་ དབྱེ་ཁག་བཟོ་ཞིནམ་ལས་ ལྟ་རྟོག་གི་ བརྡ་དོན་དང་ ངོ་རྟགས་ཇི་པི་ཨེསི་གི་ཐོག་ལས་ འབད་ཡོདཔ་ཨིན་པས།

ཆུ་བྱ་ཕོཝ་དཀར་ བརྟག་ཞིབ་འབད་བའི་སྐབས་ བྱ་རིགས་དང་ རི་དྭགས་སེམས་ཅན་ཚུ་ མཐོང་ཡོདཔ་བཞིན་དུ་ བྱ་རིགས་༢༢༤ དང་ རི་དྭགས་སེམས་ཅན་༢༠ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་ནང་ ཆུ་བྱག་ཕོཝ་དཀར་ཡོདཔ་སྦེ་ སྤྱི་ལོ་༡༩༧༠ ལས་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ བྱའི་ཚང་ཅིག་ མཐོང་པའི་ཤུལ་ལས་ འགོ་དང་པ་ར་ བྱི་ཅུང་གི་ ཚང་ཡོད་པའི་ ཐོ་བཀོད་དེ་ སྤྱི་ལོ་༢༠༠༣ ལུ་ གཏན་འཁེལ་འབད་ནུག།

ད་རེས་ ཆུ་བྱ་ཕོཝ་དཀར་ཚུ་ཡང་ འཕྲལ་འཕྲལ་ར་ སྤུ་ན་གཙང་ཆུ་དང་ མང་སྡེ་ཆུ་བདའ་སྟེ་ མཐོང་གསལ་བྱུངམ་ཨིན་པས།

ད་རེས་ ཚོགས་སྡེ་གིས་ ཆུ་བྱ་ཕོཝ་དཀར་ཉམས་སྲུང་འབད་ནིའི་དོན་ལུ་  སྐྱེ་ལྡན་གནས་སྟངས་རིམ་ལུགས་ ལེགས་བཅོས་དང་ བྱ་རིགས་ཉེན་སྐྱོབ་ཀྱི་ ཐབས་ལམ་ཐོག་ལས་ སའི་ཆགས་ཚུལ་ལས་འགུལ་ ལག་ལེན་འཐབ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *