འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བོཇ་དང་ རྒྱ་འབྲུག་༢ ཀྱི་ ཐགས་རིགས་བཟོ་བཀོདཔ་ཚུ།

རྒྱ་འབྲུག་མཉམ་འབྲེལ་གྱི་ ཁ་དི་དང་ཐགས་བཟོའི་ འགྲེམས་སྟོན་འགོ་འདྲེན་འཐབ་ནི།

༉ རྒྱ་གར་གྱིས་ རང་དབང་འཐོབ་ནིའི་དོན་ལུ་ འབད་བརྩོན་བསྐྱེད་མི་ མ་ཧཱད་མ་གཱན་དྷི་སྐྱེས་ཏེ་ ལོ་ངོ་༡༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ད་རིས་ རྒྱལ་ས་ལྟེ་བ་ལུ་སྦེ་ དམིགས་བསལ་དུ་ ཐགས་རིགས་འགྲེམས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
ལས་རིམ་དེ་ཡང་ ཁ་དི་དང་ཐགས་བཟོ་ཟེར་མི་ མཉམ་འབྲེལ་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་དེ་ཡང་ ཁ་དི་ཟེར་མི་དེ་ རྒྱ་གར་གྱི་ཁ་སྐད་ཨིནམ་ད་ ཐགས་རིགས་དེ་ འབྲུག་པའི་ཁ་སྐད་ཐོག་ལུ་ ཤན་སྦྱར་ཏེ་ཨིན་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་གཉིས་ཀྱིས་ ཐགས་རིགས་དང་འབྲེལ་བའི་ འགྲེམས་སྟོན་འབད་ནིའི་དོན་ལུ་ཨིན་པས།
ཁ་དི་ཟེར་མི་དེ་ རྒྱ་གར་རང་དབང་ཐོབ་མི་ གཱན་དྷི་གིས་ བི་རི་ཊིཤ་ལས་ རང་དབང་འཐོབ་ནིའི་དོན་ལུ་ བ་རི་ཊིཤ་གིས་ རྒྱ་གར་ལས་ཐོན་མི་ འབུ་རས་ཚུ་ ཨིང་ལེནཌ་ལུ་འབག་སྟེ་ གྱོན་ཆས་ཚུ་བཟོ་སྟེ་ ལོག་རྒྱ་གར་ལུ་ ཁེ་ཏོག་ཏོ་སྦེ་ བཙོང་མི་དེ་གི་ རྒྱབ་འགལ་སྦེ་ གཱན་དྷི་གིས་ རྒྱ་གར་གྱི་མི་ཚུ་ལུ་ རང་དབང་ཐོག་ལས་ འབུ་རས་ཀྱི་ཐོན་སྐྱེད་ཚུ་ རྒྱ་གར་ལུ་ར་ བཟོ་ཚུགསཔ་འབད་ནིའི་དོན་ལུ་ དཔེ་སྟོན་སྦེ་ ཁོ་གིས་ ཁ་དི་དེ་ ལག་ལེན་འཐབ་ཡོདཔ་ལས་ ཁ་དི་དེ་ རྒྱ་གར་ལུ་ ཡོངས་གྲགས་ཡོད་པའི་ཁར་ རང་དབང་གི་ངོ་རྟགས་ཅིག་ཡང་ཨིན་ཟེར་ གཞུང་ཚབ་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ བཤདཔ་ཨིན་པས།
ལས་རིམ་དེ་ནང་ རྒྱ་གར་དང་ འབྲུག་ལས་ ཐགས་རིགས་བཟོ་བཀོད་དྲག་ཤོས་༤༨ འགྲེམས་སྟོན་འབད་ནི་ཨིན་པས།
བཟོ་བཀོདཔ་ཚུ་ཡང་ འབྲུག་ལས་ ཅན་ནི་རི་ཀ་ཏ་མང་དང་ དཀོན་མཆོག་དབང་མོ་ ཚེ་རིང་ཆོས་སྒྲོན་ དེ་ལས་ སངས་རྒྱས་ཆོས་སྒྲོན་དང་ རྒྱ་གར་ལས་ ཨ་ན་མི་ཀ་ཁ་ན་ ར་ཇིཤ་པར་ཏཔ་སིང་དང་ སཱ་མནཏ་ཅའུ་ཧན་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
ལས་རིམ་དེ་ཡང་ གཙོ་བོ་ རྒྱ་འབྲུག་གི་ ཐགས་རིགས་བཟོ་བཀོདཔ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ཨིནམ་ད་ དེ་གིས་སྦེ་ རང་ལུགས་ཀྱི་ལམ་སྲོལ་ཚུ་ ཡར་དྲག་འབད་ནིའི་དོན་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
འབྲུག་གི་བཟོ་བཀོདཔ་༤ གིས་ རྒྱ་གར་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་༡༢ ཀྱི་བར་ན་ ལོ་ཊོསི་བཟོ་བཀོད་བདུན་ཕྲག་ནང་ཡང་ བཅའ་མར་གཏོགས་ཡོདཔ་ད་ དེ་གིས་སྦེ་ ཐིམ་ཕུག་ལུ་ ཁ་སྐྱིད་ཟེར་མི་ ཚོང་ཁང་ཅིག་ཡང་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བོཇ་གིས་ སླབ་མིའི་ནང་ རྒྱ་འབྲུག་ལུ་ ཐགས་རིགས་ཀྱི་བཟོ་བཀོད་སྣ་ཚོགས་ཡོདཔ་ལས་ མ་ཧཱད་མ་གཱན་དྷི་སྐྱེས་བའི་དུས་སྟོན་དང་འབྲེལ་ རྒྱ་འབྲུག་གི་མཐུན་ལམ་དེ་ཡང་ བརྩི་སྲུང་འབདཝ་ཨིན་ཟེར་ ཨིན་པས།
ལས་རིམ་དེ་ནང་ མང་ཤོས་ར་ ཨམ་སྲུ་ཚུ་གིས་ བཅའ་མར་གཏོགས་ཏེ་ཡོདཔ་ལས་ གཅིག་ལས་འབདནི་ དེ་གིས་ ཨམ་སྲུ་ཚུ་ལུ་ དབང་ཆ་ཡང་བྱིནམ་ཨིན་ཟེར་ བཤད་ཡོདཔ་ད་ དུས་སྟོན་སྐབས་ རྒྱ་གར་གྱི་བཞེས་སྒོ་དྲག་ཤོས་བཟོ་མི་ བ་ན་རིསི་གི་ ཤ་མིན་པའི་ བཞེས་སྒོ་ཚུ་ཡང་ གསལ་སྟོན་འབད་འོང་ཟེར་ ཨིན་པས།
མོ་གིས་བཤད་མིའི་ནང་ འབྲུག་པའི་ཐགས་རིགས་ཀྱི་བཟོ་བཀོད་ཚུ་ ག་ནི་ཡང་ ལེགས་ནི་དེ་གིས་ མོ་གི་བུམོ་གི་དོན་ལུ་ དཀྱི་ར་ཉོ་འབག་མི་དེ་ མོ་རའི་ སློབ་གྲྭ་ནང་གྱོནམ་ད་ མི་ཚུ་གིས་ ལེགས་པའི་སྐོར་ལས་ ལོ་རྒྱུས་ཚུ་ ལེ་ཤ་བཤད་ཡོདཔ་ལས་ འབྲུག་པའི་བཟོ་བཀོདཔ་ཚུ་ ཡར་ཐོན་འགྱོ་ནིའི་དོན་ལུ་ དུས་ཚོད་ཀྱི་ ཁྱད་པར་རྐྱངམ་གཅིག་ཨིན་མས་ཟེར་ ཨིན་པས།
ལས་རིམ་དེ་ཡང་ རྒྱལ་འཛིན་ཐགས་རིགས་འགྲེམ་སྟོན་ཁང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ འགྲེམ་སྟོན་ཁང་གི་མགྲིན་ཚབ་ རིག་འཛིན་རྡོ་རྗེ་གིས་ བཤད་མིའི་ནང་ ཐགས་རིགས་ཡར་དྲག་གཏང་ནིའི་དོན་ལུ་ རྒྱ་གར་དང་གཅིག་ཁར་ མཉམ་འབྲེལ་གྲོས་བསྟུན་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ ད་རིས་ འབྲུག་པའི་ངོ་ཚབ་ཚུ་གིས་ ཐགས་རིགས་ཀྱི་ ཁྱད་རིག་གསལ་སྟོན་འབད་ནིའི་ གོ་སྐབས་ཅིག་ཨིན་ཟེར་ བཤད་ཅི།
རྒྱ་གར་གྱི་ ཐགས་རིགས་བཟོ་བཀོདཔ་དྲག་ཤོས་ སུ་ནིལ་སི་ཐི་གིས་ སླབ་མིའི་ནང་ འབྲུག་པའི་བཟོ་བཀོདཔ་ག་ར་གིས་ བཟོ་བཀོད་འབད་མི་ཚུ་ ཡར་དྲག་གཏང་ནི་ལུ་ དང་འདོད་སྦོམ་འདུག་ཟེར་ ཨིན་པས།
ཁོ་གིས་སླབ་མིའི་ནང་ དུས་སྟོན་དེ་ བཟོ་བཀོད་ཚུ་ གསལ་སྟོན་འབད་ནིའི་ དུས་སྟོན་མེན་པར་ རང་གི་བཟོ་བཀོད་ཚུ་ གསལ་སྟོན་འབད་ནི་ཨིན་ཟེར་ ཨིན་པས།
སུ་ནིལ་སི་ཐི་གིས་ སླབ་མིའི་ནང་ འབྲུག་པའི་དང་ཕུ་ལས་ཡོད་པའི་ ཐགས་རིགས་ཀྱི་བཟོ་བཀོད་ཚུ་ ད་རེས་ནངས་པར་ བཟོ་བཀོདཔ་ཚུ་གིས་ ལོག་སྟེ་ བཟོ་མི་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *