པར་རི་འགྲོམས་སྟོན་ནང་ བཅའ་མར་གཏོགས་མི་ཚུ།

རྒྱ་འབྲུག་གི་ མཐུན་འབྲེལ་བརྩི་སྲུང་དོན་ལུ་ པར་རི་འགྲེམས་སྟོན།

༉ རྒྱ་འབྲུག་༢ ཀྱི་ དོན་གཅོད་མཐུན་འབྲེལ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཐབས་ལུ་ ཐིམ་ཕུག་ནི་རུ་དབང་ཕྱུག་ལམ་སྲོལ་ལྟེ་བའི་ནང་ པར་རི་༣༥ དེ་ཅིག་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
རི་མོ་ལུ་ སྤྲོ་བ་བསྐྱེད་མི་ཚུ་གི་ འགྲེམས་སྟོན་དེ་ སྤྱི་ཟླ་༦ པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ནངས་པར་མཇུག་བསྡུ་ནི་ཨིན་པས།
འགྲེམས་སྟོན་ནང་ རྒྱ་གར་ལས་པར་རི་༡༦ དང་ ཝཱསཊི་བྷུ་ཊཱན་ལས་ འབྲུག་པའི་པར་རི་༤ ཡོདཔ་ད་ འགྲེམས་སྟོན་དེ་ རྒྱ་གར་ལས་ ཨཱཌ་རེ་བོ་ལུ་ཤཱན་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཨཱཌ་རེ་བོ་ལུ་ཤཱན་གྱི་ མདོ་ཆེན་དང་ གཞི་བཙུགས་འབད་མི་ ཨིས་མུ་རུ་ཏི་ སིར་སཌ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲེམས་སྟོན་གྱི་དམིགས་ཡུལ་དེ་ འབྲུག་པའི་རི་མོ་མཁནམ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ པར་རི་འབྲི་ཐངས་མ་འདྲཝ་ཚུ་ ཧ་གོ་ཐབས་ལུ་ ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཁབ་གཞན་ཁར་འགྱོ་མི་དང་ པར་རི་མཁནམ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མི་རྐྱངམ་གཅིག་གིས་ ཁོང་གི་ལམ་སྲོལ་དང་ མི་ཚུ་གི་སྐོར་ལས་ ཧ་གོ་ཚུགས་ག་ཟེར་ཨིནམ་ད་ པར་རི་དེ་ མི་ཚུ་དང་གཅིག་ཁར་ འཛོམས་བཅུག་ཐབས་ཀྱི་ ཐབས་ལམ་ལེགས་ཤོམ་ཅིག་ ཨིན་ཟེར་ཨིན་པས།
འགྲེམས་སྟོན་གྱི་ཆ་ཤས་ཅིག་སྦེ་ ཁ་ཙ་ དངོས་མཐོང་གི་ པར་རི་འབྲི་ནིའི་ གྲོས་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ གྲོས་བསྡུར་དེ་ནང་ རྒྱལ་ཡོངས་བཟོ་རིག་བཅུ་གསུམ་ལས་ ལོ་ངོ་༥ པའི་ སློབ་ཕྲུག་༡༡ དང་ ཝཱསཊི་བྷུ་ཊཱན་གྱི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཨིསི་རུ་མུ་ཏི་ སིར་སཌ་གིས་ སླབ་མིའི་ནང་ ལམ་སྲོལ་བརྗེ་སོར་ལེགས་ཤོམ་འབད་ནིའི་དོན་ལུ་ དངོས་མཐོང་གྲོས་བསྡུར་སྐབས་བྲིས་མི་ པར་རི་ཚུ་ རྒྱ་གར་ལུ་ འབག་ཞིནམ་ལས་ འགྲེམས་སྟོན་འབད་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་ མང་ཤོས་ར་ རྒྱལ་ཡོངས་བཟོ་རིག་བཅུ་གསུམ་ལས་ཨིནམ་ད་ ཁོང་གིས་ ནང་འཁོད་རི་མོ་ཚུ་ ག་དེ་སྦེ་ འབྲིཝ་ཨིན་ན་ ཤེས་ཚུགས་ནི་མས་ཟེར་ཨིནམ་ད་ རི་མོ་འབྲི་བའི་སྐབས་དང་ བྲིས་ཚར་བའི་ཤུལ་ལས་ལྟཝ་ད་ མི་འདྲ་བས་ཟེར་ཨིནམ་ད་ ཁོང་གི་ རི་མོ་འབྲི་ཐངས་དང་ ཐབས་རིག་ཚུ་ གཞན་དང་མ་འདྲཝ་སྦེ་ འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རི་མོ་མཁནམ་ཚུ་ ལཱ་འབད་བའི་སྐབས་ ཁོང་གིས་ པྱིར་ལ་སོགས་པའི་ ལག་ལེན་ཐབས་རིག་ཚུ་ མི་ཚུ་གིས་ ཤེས་ཚུགས་ནི་ཨིནམ་ལས་ ཁོང་གི་རི་མོ་དང་ ས་ཆའི་ལམ་སྲོལ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཅིག་ཨིན་མི་ སྐལ་བཟང་ཟླ་བ་གིས་ སླབ་མིའི་ནང་ ཁོ་ར་ སྔར་སྲོལ་གྱི་ རི་མོ་ལྷབ་མི་ཅིག་ཨིནམ་ལས་ ག་བསྡུར་འབད་ནི་དང་ ཉམས་མྱོང་འཐོབ་ནིའི་དོན་ལུ་ གོ་སྐབས་ཅིག་ཨིནམ་ད་ ཉམས་མྱོང་ལ་སོགས་པ་ཚུ་ འཐོབ་ཐབས་ལུ་ རི་མོ་མཁནམ་ཚུ་གི་དོན་ལུ་ འབྲེལ་བ་འཐབ་ནི་དང་ བརྗེ་སོར་འབད་ནི་དེ་ ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *