རྒྱ་གར་རྡོ་རྗེ་གདན་ལུ་ དགེ་སློང་ཅིག་ ཀོ་བིཌ་-༡༩ ལུ་བརྟེན་ཤི་རྐྱེན།

༉ ཁ་ཙ་དྲོ་པར་ རྒྱ་གར་རྡོ་རྗེ་གདན་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ དགེ་སློང་རྒན་ཤོས་ཅིག་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ལུ་བརྟེན་ གྱོངས་སོཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ གཞུང་དགེ་འདུན་གྲྭ་ཚང་གིས་ བདག་འཛིན་འཐབ་མི་ འབྲུག་གི་ལྷ་ཁང་དེ་ནང་ འཕྲལ་ཁམས་ཅིག་ཁར་ དགེ་སློང་༣ ལུ་ ཀོ་བིཌ་-༡༩ འི་ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ འབྲུག་རྒྱལ་ཁབ་ནང་ འབག་འོང་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བར་ན་ ཁ་ཙ་དྲོ་པར་ དགེ་སློང་རྒན་ཤོས་དེ་ གྱོངས་སོ་ནུག་ཟེར་ཨིན་པས།

ཨིན་རུང་ ཕྱི་འབྲེལ་ལྷན་ཁག་དང་ གྲྭ་ཚང་ལྷན་ཚོགས་ཀྱིས་ མཉམ་འབྲེལ་འབད་དེ་ ནད་འབུབ་ཐོབ་མི་ དགེ་སློང་གཞན་༢ ཁ་ཙ་ཕྱི་རུ་ རྡོ་རྗེ་གདན་ལས་ སྣུམ་འཁོར་ནང་ འབག་འོང་ཡོདཔ་ལས་ ད་རིས་དྲོ་པར་ ཕུན་ཚོགས་གླིང་ལུ་ ལྷོད་འོང་ཟེར་ གྲྭ་ཚང་ལྷན་ཚོགས་ལས་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

འགོ་དཔོན་གྱིས་འབད་བ་ཅིན་ དགེ་སློང་༣ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ ལོ་རྒྱུས་གོཝ་མ་གཏོགས་ གསོ་བའི་བརྟག་དཔྱད་སྙན་ཞུ་ མ་ཐོབ་ལས་ དགེ་སློང་གྱོངས་མིའི་ རྒྱུ་རྐྱེན་དེ་ ནད་ཡམས་ལུ་བརྟེན་ཨིན་མེན་ གཏན་འཁེལ་སྦེ་ སླབ་མི་ཚུགས་པས་ཟེར་ཨིན་པས།

དེ་ལས་ རྒྱ་གར་ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གི་ ས་ཁོངས་ནང་ ཀོ་བིཌ་-༡༩ ཐོབ་མི་༢༤ དེ་ཅིག་ཡོད་མི་ལས་༡༤ གཞུང་ཚབ་ལས་ཁང་གི་ འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ གཞན་ཚུ་ ཕྱི་ཁ་ལས་འོང་སྟེ་ མགྲོན་ཁྱིམ་ནང་ སྡོད་མི་ཚུ་ཨིན་པའི་ ལོ་རྒྱུས་འདུག།

ཀཱོལ་ཀ་ཊ་ལུ་ འབྲུག་མི་ནདཔ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབདཝ་ལས་ རྐྱང་གནས་ཟུར་བཞག་ནང་ བཞག་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *