རྒྱ་གར་གྱིས་ དོག་ལམ་ལུ་ ལམ་སེལ་མི་ལུ་ ཚ་གྱང་བཤད་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱ་ནག་གིས་ དོག་ལམ་ས་ཁོངས་ནང་ འཁོར་ལམ་སེལ་ནི་ འགོ་བཙུགས་ཡོད་མི་ལུ་བརྟེན་ རྒྱ་གར་ལུ་ ཚ་གྱང་ལང་ཡོདཔ་མ་ཚད་ འདི་བཟུམ་མའི་ ལག་ལེན་ལུ་བརྟེན་ ད་ལྟོ་ཡོད་མི་ ས་མཚམས་ཀྱི་ གནས་སྟངས་དེ་ བསྒྱུར་བཅོས་སྦོམ་འགྱོ་སྲིད་ནི་ཨིནམ་ལས་ རྒྱ་གར་གྱི་དོན་ལུ་ སྲུང་སྐྱོབ་དང་འབྲེལ་བའི་ དཀའ་ངལ་ཚབས་ཆེན་འབྱུང་ཉེན་ཡོད་པའི་སྐོར་ རྒྱ་ནག་གཞུང་ལུ་ སླབ་ཅི་ཟེར་ ཁ་ཙ་ རྒྱ་གཞུང་གི་ ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་ཅིག་ འབད་མིའི་ནང་བཀོད་ནུག།
དོག་ལམ་དེ་ ནུབ་ཕྱོགས་རྫོང་ཁག་ ཧཱ་དང་ སྤ་རོ་རྫོང་ཁག་ཚུ་ནང་ འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་ཀྱི་ ཉོགས་འཛིང་ཡོད་མི་ ས་ཁོངས་༤ ཡོད་མིའི་གྲས་ལས་༡ ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ལས་ དོག་ལམ་ས་ཁོངས་ནང་ འབྲུག་དང་རྒྱ་ནག་གི་ ས་མཚམས་སྐོར་ལས་ དྲི་བཀོད་དང་ གནས་ཚུལ་ཚུ་ ཐོན་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ འབྲུག་གིས་ རྒྱ་ནག་ལུ་ འབྲུག་པའི་ས་ཁོངས་ནང་ འཁོར་ལམ་སེལ་མི་དེ་ ཆིངས་ཡིག་བཀོད་ཡོད་མིའི་ དགོངས་དོན་ཚུ་ལས་ ཐད་ཀར་དུ་ འགལ་ཡོདཔ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་བར་ན་ ས་མཚམས་བཀལ་ནི་དང་འབྲེལ་བའི་ བྱ་རིམ་ལུ་ ཐོ་ཕོག་པའི་སྐོར་ལས་ ཕྱི་འབྲེལ་དོན་གཅོད་ཀྱི་ བརྒྱུད་ལམ་ཐོག་ལས་ སྣང་བ་སྐྱེལ་ཡི་ཟེར་བཀོད་ནུག།
ཕྱི་འབྲེལ་ལྷན་ཁག་གིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ རྒྱ་ནག་གི་ དམག་མི་གིས་ དོག་ལམ་ས་ཁོངས་ནང་ རྡོ་དཀར་ལ་ལས་སྦེ་ འཛོམས་དཔལ་རི་ལུ་ འབྲུག་གི་དམག་སྒར་ཁ་ཐུག་ལུ་ འཁོར་ལམ་སེལ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ རྡོ་དཀར་ལ་ས་ཁོངས་ནང་ཡོད་མི་ རྒྱ་གར་གྱི་ ལས་བྱེདཔ་ཚུ་གིས་ རྒྱ་ནག་གི་ བཟོ་སྐྲུན་སྡེ་ཚན་འབད་སར་ བཅར་ནི་དང་ ས་མཚམས་ཀྱི་ སྔར་ཡོད་གནས་སྟངས་ བསྒྱུར་བཅོས་འབད་ནི་ལས་ བཀག་དགོ་པའི་ ཞུ་བསྐུལ་འབད་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེད་དོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༉ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོགས་མི་༤ གི་གྲས་ལས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *