བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གྱི་ སློབ་དཔོན་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།

རྒྱ་གར་གྱི་ སློབ༌ དཔོན༌ བགྲེསཔ་ཚུ༌ལུ༌ གུས་བཏུད།

༉ རྒྱལ་ཁབ་ནང་ ཕྱག་ཞུ་མི་ རྒྱ་གར་གྱི་ སློབ་དཔོན་བགྲེསཔ་༤༣ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་འབད་བའི་སྐབས་ སྐུ་མགྲོན་སྦེ་ མགྲོན་བརྡ་འབད་ནུག།
ད་རེས་ནངས་པར་ སློབ་དཔོན་གྱི་ ཉིནམ་བརྩི་སྲུང་ནང་ ནུབ་ཕྱོགས་རྫོང་ཁག་གི་ སློབ་གྲྭ་ཁག་ཚུ་ནང་ སློབ་སྟོན་འབད་མི་ རྒྱ་གར་གྱི་ སློབ་དཔོན་༦༤ དང་ ཐིམ་ཕུག་ལུ་སྡོདམི་ འབྲུག་གི་སློབ་དཔོན་བགྲེསཔ་༢༣ དེ་ལས་ སློབ་ཕྲུག་༡༠,༠༠༠ དེ་ཅིག་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཅི།
རྒྱ་གར་གྱི་ སློབ་དཔོན་བགྲེསཔ་༤༣ ལུ་ གསོལ་རས་དང་ ལག་ཁྱེར་ཚུ་གནང་ཡོདཔ་ད་ ཤེས་རིག་ལྷན་ཁག་གི་ མདོ་ཆེན་ཡིག་ཚང་གི་ མདོ་ཆེན་ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ དུས་ཅི་ སློབ་དཔོན་གྱི་ཉིནམ་ དམིགས་བསལ་སྦེ་ བརྩི་བསྲུང་འབད་མི་དེ་ སློབ་དཔོན་ཚུ་གིས་ དཀའཝ་སྤྱད་དེ་ ཕྱག་ཞུ་མི་ལུ་ བཀྲིན་དགའ་ཚོར་ ཞུ་ཐབས་ལུ་ཨིནམ་བཞིན་དུ་ སློབ་དཔོན་མང་ཤོས་ར་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ཕྱག་ཞུ་ནུག།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཉིནམ་དེ་ སློབ་དཔོན་ཚུ་ལུ་ བཀྲིན་བསམ་ནིའི་ཉིནམ་ རྩ་ཅན་ཅིག་ཨིན་ཟེར་ གསུངས་པའི་ཁར་ སློབ་དཔོན་གྱི་ཉིནམ་དེ་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་ནི་ཡོད་རུང་ དུས་ཅི་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་དེ་ མི་ལོ་༥༠ ལང་ནི་དེ་གིས་ ཁག་ཆེ་ཏོག་ཏོ་ཅིག་ཨིན་ཟེར་གསུངས་ཡི།
རྒྱ་གར་གྱི་ སློབ་དཔོན་བགྲེསཔ་ཚུ་གི་གྲས་ལས་༡ ཀེ་པི་ ན་ཡར་དེ་ཨིནམ་ད་ ཁོ་གིས་ རྒྱལ་ཁབ་ནང་ སློབ་དཔོན་སྦེ་ སྤྱི་ལོ་༡༩༦༤ ལས་༡༩༩༢ ཚུན་ ཕྱག་ཞུ་ནུག།
ཁོ༌གིས༌ སླབ༌མིའི༌ནང༌ འབྲུག་ལུ་ ཕྱག༌ཞུ༌ནིའི༌ གོ༌སྐབས༌ཐོབ༌ མི༌དེ༌ མི༌དབང༌རིམ༌བྱོན༌ཚུ༌དང༌ གཞུང༌གི་བཀྲིན༌ལུ༌བརྟེན༌ཨིན༌ ཟེར༌ཨིན༌པས།
སྐྱེས༌ལོ༌༨༣ ལང༌མི༌ སློབ༌ དཔོན༌ཅིག༌གིས༌ སླབ༌མིའི༌ནང༌ རྒྱལ༌ཁབ༌ཀྱི༌ ཤེས༌རིག༌དེ༌ ལེ༌ཤ༌ གིས༌ ལེགས༌བསྒྱུར༌སོང༌སྟེ་ཡོད་མི་དེ༌ཡང༌ དེ༌བསྒང༌ འཁོར༌ལམ༌དང༌ གློག༌མེ༌ འཐུང༌ཆུའི༌ཞབས༌ཏོག༌ ཚུ༌མེད༌རུང༌ ད༌རེས༌ དེ༌བཟུམ༌གྱི༌ མཐུན༌རྐྱེན༌ཚུ༌ ལྷོད༌ནི༌དེ༌གིས༌ ཤེས༌ རིག༌གོང༌འཕེལ༌གཏང༌ནི༌ལུ༌ཡང༌ ཕན༌ཐོགས༌བྱུང༌ནུག༌ཟེར༌ཨིན༌པས།
ཉིནམ༌དེ༌ནང༌ ཐིམ་ཕུག་རྫོང་ཁག་གི་ སློབ་གྲྭ་ཁག་གི་ འབྲུག་མི་སློབ་དཔོན་༡,༥༠༠ དེ་ཅིག་ལུ་ཡང་ གུས་བཏུད་ཞུ་ཡི།
བློན༌ཆེན༌གྱིས༌འབད༌བ༌ཅིན༌ སློབ༌དཔོན༌གྱི༌ ཁྱད༌རིག༌གོང༌ འཕེང༌གཏང༌ནིའི༌དོན༌ལུ༌ འཆར༌ གཞི༌༡༢ པའི༌ནང༌ སློབ༌ དཔོན༌༣༠༠ དེ༌ཅིག༌ལུ༌ མཐོ༌རིམ༌ སློབ༌གྲྭ༌ གོང༌ མའི༌ ཤེས༌ཡོན༌ སྦྱང༌ནིའི༌ གོ༌སྐབས༌བྱིན༌ནི༌ཟེར༌ ཨིན༌པའི༌གནས༌ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *