རྒྱ་གར་གྱི་ ས་མཚམས་ལམ་སེལ་ལས་སྡེའི་ཡོངས་ཁྱབ་མདོ་ཆེན་ འབྲུག་ལུ་ལྷོད་ཡོདཔ།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ ས་མཚམས་ལམ་སེལ་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ གུང་བློན་གོངམ་ ཨེསི་ཀེ་ ཤྲི་བཱསི་ཏ་བཱ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ ས་མཚམས་ལམ་སེལ་ལས་སྡེ་གིས་ རྒྱ་གར་གྱི་ ས་མཚམས་བདའ་སྟེ་ འཁོར་ལམ་ཚུ་ གོང་འཕེལ་དང་ རྒྱུན་སྐྱོང་འཐབ་མ་ཚད་ མཐུན་ལམ་ཡོད་པའི་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ལུ་ཡང་ འདི་བཟུམ་མའི་ ཞབས་ཏོག་ཚུ་ བྱིནམ་ཨིན་པས། འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ ས་མཚམས་ལམ་སེལ་ལས་སྡེ་གིས་ ཌན་ཊག་ལས་འགུལ་བརྒྱུད་དེ་ ལཱ་འབདཝ་མ་ཚད་ སྤྱི་ལོ་༡༩༦༡ ལས་ཚུར་ གཞི་རྟེན་གོང་འཕེལ་ལས་སྣ་སྦོམ་ཚུ་ནང་ ཆ་རོགས་འབད་དེ་ཡོད་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *