རྒྱ་གར་གྱི་ ཚོགས་རྒྱན་འདྲ་པར་རྫུས་མ་ ལག་ལེན་མི་༩ འཛིན་བཟུང་།

༉ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཕུན་ཚོགས་གླིང་གི་ ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་གིས་ ངོས་འཛིན་འབད་མ་ཚུགས་པའི་ འབྲུག་མི་མེན་པའི་ ཕོ་སྐྱེས་༩ གིས་ རྒྱ་གར་གྱི་ ཚོགས་རྒྱན་འདྲ་པར་རྫུས་མ་ ལག་ལེན་འཐབ་ཐོག་ལས་ ལཱ་གཡོག་གི་ ཆོག་ཐམ་ལེན་ནིའི་ དཔའ་བཅམ་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ལས་མིའི་ཁག་འབགཔ་ ཕྲེ་ཀེ་དར་དེ་ཡང་ ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་པའི་ མི་གཞན་ཚུ་གི་ ཁ་གསལ་ལག་ལེན་ཐོག་ལས་ ཕོ་སྐྱེས་གཞན་མི་ཅིག་གིས་ ཚོགས་རྒྱན་འདྲ་པར་ རྫུས་མ་བཟོ་བྱིན་མི་ལུ་བརྟེན་ དོ་དམ་འོག་ལུ་ཡོདཔ་ད་ གནད་དོན་དེ་གི་དོན་ལུ་ ཁོང་ཆ་ཁྱབ་ལུ་ དངུལ་ཀྲམ་༣༠༠ རེ་ སྤྲོད་ཡོདཔ་ཨིན་པས།

དོགས་ཅན་ཚུ་གིས་ རྒྱ་གར་ བི་ཧར་དང་ ཝེསིཌ་བེང་གཱལ་ལས་ཨིནམ་སྦེ་ སླབ་ཡོདཔ་ད་ ཁོང་ཆ་ཁྱབ་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་ ལོག་ཁྲིད་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ལུང་ཕྱོགས་ཡིག་ཚང་གིས་ གནད་དོན་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཨིན་པས།

ཕུན་ཚོགས་གླིང་ ཕྱི་མི་ནང་སྐྱོད་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ མི་ཚུ་གི་ ཁ་གསལ་ལག་ལེན་ཐོག་ལས་ འདྲ་པར་རྫུས་མ་བཟོ་མི་ཚུ་ དམ་དྲགས་སྦེ་ར་ ཉེས་ཁྲིམས་བཀལ་དགོཔ་ ཡོད་ཟེར་ཨིན་པས།

སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ མི་ངོས་འཛིན་འབད་མ་ཚུགས་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ ཉེན་ཁ་ཡོད་པའི་ ཐོ་བཀོད་འབད་མི་ ཉེས་མེད་ཀྱི་ མི་ཚུ་ཡང་ དཀའ་ངལ་ནང་ བཙུགསཔ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ངོ་རྫུས་བཟོ་འབད་མི་ཚུ་གིས་ མི་གཞན་གྱི་ ཚོགས་རྒྱན་འདྲ་པར་ ལག་ལེན་འཐབ་ཐོག་ལས་ ཆོག་ཐམ་འཐོབ་ཚུགས་པ་ཅིན་ མི་ངོ་རྫུས་མ་ཚུ་གིས་ ཁོང་གི་ ངོ་རྟགས་ཚུ་ ལག་ལེན་འཐབ་ཡོད་མི་ལུ་བརྟེན་ ཉེས་མེད་དམ་ མི་ངོ་མ་ཚུ་ རྒྱལ་ཁབ་ནང་ འོང་ནི་ལས་ བཀག་དམ་འབད་འོང་ཟེར་ཨིན་པས།

དེ་ཡང་ འཕྲུལ་བརྟག་བཱ་ཡོ་མེ་ཊིག་ལམ་ལུགས་ཀྱིས་ རྒྱལ་ཁབ་ནང་འོང་མིའི་ ཐོ་བཀོད་ཚུ་ བདའ་ཟུན་ཚུགས་མི་ལུ་བརྟེན་ཨིནམ་ད་ མི་ངོ་རྫུས་མ་ཚུ་གིས་ མི་གཞན་གྱི་ ཚོགས་རྒྱན་འདྲ་པར་རམ་ ངོ་རྟགས་ཀྱི་ ཡིག་ཆ་གཞན་ཚུ་ ལག་ལེན་འཐབ་ཡོད་པ་ཅིན་ ཉེས་མེད་ཀྱི་མི་ཚུ་ རྒྱལ་ཁབ་ནང་ འོང་མི་བཅུག་ཟེར་ཨིན་པས།

ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་ངོ་རྫུས་མ་ཚུ་ལུ་ ཤི་རྐྱེན་བྱུང་ཡོད་པ་ཅིན་ ཧེང་སྐལ་ར་ ལཱ་ཁག་གཏང་འོང་ཟེར་ཨིནམ་ད་ ཁོང་གིས་ མི་གཞན་གྱི་ ངོ་རྟགས་ཚུ་ ལག་ལེན་འཐབ་ཡོད་མི་ལུ་བརྟེན་ དེ་བཟུམ་མའི་ གནད་དོན་ནང་ ལཱ་གཡོག་བྱིན་མི་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཕུངམ་ཚུ་ རྩིས་སྤྲོད་ཐབས་ལུ་ ཁ་བྱང་ངོ་མ་ཚུ་ འཚོལ་མ་འཐོབ་པའི་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།

ལུང་ཕྱོགས་མདོ་ཆེན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་མཚམས་བདའ་སྟེ་ རྒྱ་གར་གྱི་ ཚོགས་རྒྱན་འདྲ་པར་ རྫུས་མ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་དེ་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་ལུ་ གདོང་ལེན་ཅིག་ཨིན་རུང་ བརྟག་དཔྱད་འབད་ནིའི་ ཐབས་བྱུས་ཡང་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *