ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གསརཔ་ བི་ཇེ་ ཀི་ཤཱབ་ གོ་ཁ་ལི་ལུ་ མཇལ་ཕྲད་གནང་ཡོདཔ་ཨིན་མས།

རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱིས་ ཟུང་ཕྱོགས་ཞལ་འཛོམས་གནང་ནིའི་དོན་ལས་ ཐིམ་ཕུག་ལུ་ ལྷོད་ཡོདཔ།

༉ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ཚེས་༡ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ཇེ་ ཀི་ཤཱབ་ གོ་ཁ་ལི་གིས་ འབྲུག་གཞུང་དང་གཅིག་ཁར་ ཟུང་ཕྱོགས་ཞལ་འཛོམས་གནང་ནིའི་དོན་ལུ་ ཐིམ་ཕུག་ལུ་ ལྷོད་ཡོདཔ་ཨིན་པས།
ཕྱི་འབྲེལ་དྲུང་ཆེན་ གོ་ཁ་ལི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་བཅར་བའི་ཤུལ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཕྱི་འབྲེལ་དྲུང་ཆེན་བསོད་ནམས་ཚོང་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་ཨིན་པས།
ལྟ་སྐོར་གྱི་སྐབས་ལུ་ ཕྱོགས་གཉིས་ཆ་ར་གིས་ མཉམ་འབྲེལ་གོང་འཕེལ་དང་འབྲེལ་བའི་ལས་དོན་ གློག་མེ་ལས་འགུལ་དང་ ཚོང་འབྲེལ་ དེ་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་ གཞན་ཡང་ རྒྱལ་ཁབ་༢ ཀྱི་ མཐའ་དོན་ལུ་ཕན་པའི་ གནད་དོན་ཚུ་ བསྐྱར་ཞིབ་དང་ དུས་མཐུན་བཟོ་ཡོདཔ་ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ཇེ་ ཀི་ཤཱབ་ གོ་ཁ་ལི་གིས་ རྒྱལ་ཁབ་ནང་ ལྟ་སྐོར་འབད་མི་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་བར་ན་ དུས་རྒྱུན་དུ་ ཆེ་རིམ་གནས་ཚད་ཐོག་ བརྗེ་སོར་འབད་སྲོལ་ཡོད་མི་དེ་ སྒྲིང་སྒྲི་བཟོ་བ་གིས་མ་ཚད་ འབྲུག་དང་ རྒྱ་གར་གྱི་བར་ནའི་ ཡུན་རིང་གི་ མཛའ་བཤེས་མཐུན་ལམ་དེ་ཡང་ རྩ་བརྟན་བཟོ་ཚུགས་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *