ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་དང་ འགོ་དཔོན་ཚུ་གིས་ ཐིམ་ཕུག་དང་ སྤ་རོ་ལུ་ འཁོར་ལམ་གྱི་ གནས་སྟངས་ཚུ་ལུ་ བརྟག་ཞིབ་འབད་ཡོདཔ་བཞིན་དུ་ ཐིམ་ཕུག་ཀ་ཝང་རྒེད་འོག་ ཞིང་ལམ་གྱི་ སྤུས་ཚད་བལྟ་ནིའི་དོན་ལུ་ དོང་བརྐོ་བའི་བསྒང་།

རྒེད་འོག་༢༠༡ ནང་ སོ་ནམ་ཞིང་ལམ་ཚུ་ ལེགས་བཅོས་འབད་བའི་བསྒང་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ སོ་ནམ་ཞིང་ལམ་༡༦༢ དེ་ཅིག་ ལེགས་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།

ལེགས་བཅོས་ལས་འགུལ་གྱི་ ཐོག་ལས་ ཞིང་ལམ་གྱི་ གཞི་རྟེན་ཐང་ཚུ་སྙོམ་ནིའི་ ལཱ་འགོ་བཙུགས་མི་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ གཞུང་གིས་ འཆར་གཞི་༡༢ པའི་ལས་སྣ་ཚུ་ ལོག་གཙོ་རིམ་སྒྲིག་མི་དང་འཁྲིལ་ཨིན་ཟེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

དྲུང་ཆེན་གྱིས་འབད་བ་ཅིན་ བཟའ་འཐུང་གི་ཉེན་སྲུང་ ཡར་དྲག་གཏང་ནི་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ རིག་རྩལ་དང་ ནང་འཁོད་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ ནང་འཁོད་རྒྱུ་ཆས་ལག་ལེན་དང་ ནང་འདྲེན་མར་ཕབ་འབད་ནི་ཚུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིན་པས།

ཞིང་ལམ་ལེགས་བཅོས་ལས་འགུལ་ འགོ་འདྲེན་འཐབ་མི་དེ་ མི་སེར་ལུ་ ཕན་ཁྱད་མངས་རབས་ཅིག་ འབྱུང་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།

བསྐྱར་ཞིབ་འབདཝ་ད་ རྒྱལ་ཁབ་ནང་ ཞིང་ལམ་ཀི་ལོ་མི་ཊར་༩,༠༠༠ ལྷགཔ་ཅིག་ཡོདཔ་ལས་ དེ་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ མ་དངུལ་ཐེར་འབུམ་༡༦ དེ་ཅིག་དགོཔ་ཡོད་པའི་ མངོན་གསལ་བྱུང་ནུག།

བསྐྱར་ཞིབ་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ སོ་ནམ་ལྷན་ཁག་དང་ ས་གནས་གཞུང་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

མ་དངུལ་འབོར་ཆེ་ཏོག་ཏོ་དགོཔ་ལས་ ཞིང་ལམ་ལེགས་བཅོས་འབད་ནི་ཚུ་ གོ་རིམ་བཟོ་སྟེ་ཡོད་ཟེར་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

དེ་ཡང་ གོ་རིམ་དང་པའི་ནང་ རྒེད་འོག་རེ་ལུ་ ཞིང་ལམ་རེ་ ལེགས་བཅོས་འབད་ནི་དང་ གོ་རིམ་༢ པའི་ནང་ ཞིང་ལམ་གསུམ་ལེགས་བཅོས་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་རུང་ གོ་རིམ་༡ པའི་ གྲུབ་འབྲས་ལེགས་ཐོན་འཁྲིལ་ འགྱོ་ནི་ཨིན་པས།

ཐོ་རིམ་༣ པའི་ནང་ ལེགས་བཅོས་མ་འབད་བར་ལུས་མི་ ཞིང་ལམ་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།

ཞིང་ལམ་ཀི་ལོ་མི་ཊར་༡ གི་ གཞི་རྟེན་ཐང་སྙོམ་ནི་དང་ གཡུར་བ་བསལ་ནིའི་དོན་ལུ་ མ་དངུལ་ས་ཡ་༡.༦༦༧ དེ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།

གོ་རིམ་དང་པའི་ནང་ ཞིང་ལམ་ཀི་ལོ་མི་ཊར་༡,༥༠༠ ལྷགཔ་ཅིག་ ལེགས་བཅོས་འབད་ནིའི་དོན་ལུ་ འཆར་དངུལ་ཐེར་འབུམ་༢.༥ དེ་ཅིག་ བཞག་ཡོདཔ་ད་ རྒེད་འོག་ཚུ་ལས་ ཞིང་ལམ་རེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་རུང་ སྲོས་དང་ གླིང་བཞི་ ནཱ་རོ་ ལ་ཡ་ཚུ་ དེ་གི་གྲས་ཁར་མེདཔ་ཨིན་པས།

གཞུང་གིས་ ལས་འགུལ་གྱི་ གོ་རིམ་དང་པ་དེ་ ལག་ལེན་གྱི་དོན་ལུ་ སྤྱི་ལོ་༢༠༢༠ ཟླ་༩ པའི་ནང་ ཆ་འཇོག་གྲུབ་གནང་ནུག།

གྲོང་གསེབ་ཀྱི་ ས་གོ་ཚུ་ནང་ སྤྱིར་བཏང་དཔལ་འབྱོར་གོང་འཕེལ་དང་ ཞིང་ལམ་ཚུ་ ལེགས་བཅོས་འབད་དེ་ ཚོང་ཁྲོམ་ཚུ་དང་ མཐུད་སྦྲེལ་འབད་ཐབས་ལུ་ གཞུང་གིས་ ལེགས་བཅོས་ལས་འགུལ་གྱི་ཐོག་ལས་ ལཱ་དེ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ འབད་ནིའི་དོན་ལས་ དུས་རྒྱུན་དུ་ ལྟ་རྟོག་འབད་འོང་ཟེར་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

ཞིང་ལམ་གྱི་ སྤུས་ཚད་དེ་ཡང་ ཞབས་ཏོག་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ མཉམ་འབྲེལ་ཐོག་ལས་ ྲའབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *