རྒཔོ་གི་ འདེམས་ངོ་བགྲེསཔ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ ཐོན་ཡོདཔ།

༉ རྩི་རང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་ལེ་ཤ་ཐོན་མིའི་གྲས་ལས་ སྐྱེས་ལོ་༣༥ ལང་མི་ སངས་རྒྱས་ཏ་མང་གིས་ སླབ་མིའི་ནང་ ཁོ་རའི་ཁ་ཐུག་ལས་ མི་སེར་ཚུ་གི་རེ་འདོད་ ངེས་བརྟན་འགྲུབ་ཚུགས་ཟེར་ ཨིན་པས།
མ་གཞི་ འདེམས་ངོ་ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ སྤྲོ་བ་ ཧེ་མ་ལས་ཡོད་རུང་ ན་ཚོད་མ་སྨིན་མི་ལུ་བརྟེན་ མི་སེར་ཚུ་གི་ རེ་འདོད་འགྲུབ་ཚུགས་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་མནོ་སྟེ་ བཅའ་མར་མ་གཏོགས་ཟེར་ཨིན་པས།
སངས་རྒྱས་ཏ་མང་གིས་ མཚོ་གླིང་མཁར་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གི་ རྒཔོ༌གི༌དོན༌ལུ༌ དོ༌འགྲན༌ འབད༌ཡོད་རུང༌ སྤྱི་འོག་འཛོམས་འདུ་ནང་ ཚོགས་རྒྱན་༢ ཀྱིས་ སྤྱིར་བཏང་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཚུགས་ཟེར་ ཨིན་པས།
དེ་གི་ཤུལ་ལས་ མི་སེར་སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་ ཧ་གོ་ཐབས་ལུ་ གཡུས་ཁར་སྡོད་ཅི་ཟེར་ཨིནམ་ད་ ཁོ་ལུ་ རྒྱ་གར་གྱི་བྱང་ཕྱོགས་ བེང་གཱལ་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ ལྟ་བཤལ་ལས་སྡེ་ཅིག་ནང་ ཟླཝ་༦ གི་རིང་ ལཱ་འབད་ཡོདཔ་ཨིན་པས།
དེ་ལས་ རྒྱང་མཐོང་ཊི་བི་གི་ ཚོང་འབྲེལ་ལས་སྡེ་ཅིག་ནང་ འཛིན་སྐྱོང་པ་སྦེ་ ལོ་༣ གྱི་རིང་ ལཱ་འབད་ཡོདཔ་ཨིན་པས།
རྩི་རང་ལུ་འབད་བ་ཅིན་ ད་རེས་ རང་བཞིན་གྱིས་སྨིན་པའི་ ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་ལུ་ རྒྱབ་སྐྱོར་བྱིན་དགོཔ་མ་ཚད་ སོ་ནམ་པ་ཚུ་གི་ འོང་འབབ་ཚུ་ ཡར་འཕར་གཏང་ཐབས་ལུ་ ཚོང་འབྲེལ་ས་གོ་ཚུ་ཡང་ གོང་འཕེལ་གཏང་པ་ཅིན་ མི་སྡེ་གོང་འཕེལ་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
སངས་རྒྱས་ཏ་མང་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་འབད་དགོ་པ་ཅིན་ ཨིན་ཅི་མིན་ཅི་ ཉམས་མྱོང་དགོཔ་ རྩ་ལས་མེདཔ་ཨིན་རུང་ རྩ་བ་གསུམ་དང་ མི་སེར་གྱི་ གྲོས་ཐག་བཅད་མི་ཚུ་ གུས་ཞབས་ཐོག་ལས་ ཕྱག་ཞུ་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ ཁོ་ར་ བློ་གཏད་ཚུགས་པའི་ འགོ་ཁྲིདཔ་ལེགས་ཤོམ་ཅིག་སྦེ་ གཞུང་དང་མི་སེར་གྱི་བར་ན་ ཕྱག་ཞུ་ནིའི་ རེ་འདོད་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *