རོ་ཁྱི་འཆོལ་ནད་འཐོབ་མི་གྱངས་ཁ་ མར་ཕབ་འབད་ནིའི་ ཐབས་བྱུས་བརྩམས་ཡོདཔ།

༉ འཆར་གཞི་བརྩམས་མི་ལྟར་དུ་ ལཱ་འབད་ཚུགས་པ་ཅིན་ སྤྱི་ལོ་༢༠༣༠ ལས་ འབྲུག་རྒྱལ་ཁབ་ནང་ རོ་ཁྱི་ འཆོལ་ནད་ རྩ་མེད་གཏང་ཚུགས་ནི་ཨིན་པས།
དེ་ཡང་ ཐབས་བྱུས་འཆར་གཞིའི་དམིགས་གཏད་གཙོ་བོ་དེ་ རྒྱལ་ཁབ་ཀྱི་ས་གནས་ཚུ་ནང་ལས་ཕར་ རོ་ཁྱི་སྤྱང་ཁྱི་ཚུ་ འཁྱམས་སྡོད་སར་ མཐོང་ནི་མེདཔ་བཟོ་ནི་དེ་ཨིན་པས།
རོ་ཁྱི་སྤྱང་ཁྱི་གི་གྱངས་ཁ་ ཚད་འཛིན་འབད་ནི་དེ་ འཆར་གཞི་༡༢ པའི་ནང་ དམིགས་གསལ་གྱི་ ལས་རིམ་ཅིག་སྦེ་ ཚུད་ཡོདཔ་ཨིན་པས།
སྒོ་ནོར་ལས་ཁུངས་ལས་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ བསམ་གྲུབ་བཀྲིས་ཀྱིས་ སླབ་མིའི་ནང་ འཆར་གཞིའི་དམིགས་ ཡུལ་འགྲུབ་ཐབས་ལུ་ མི་ཚུ་གི་ མནོ་ལུགས་བསྒྱུར་བཅོས་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
ལས་ཁུངས་ཀྱིས་ འབྲེལ་ཡོད་གན་འཛིན་པ་ཚུ་དང་ མཉམ་འབྲེལ་ཐོག་ལས་ གོ་བརྡའི་ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་སྟེ་ མི་ཚུ་ལས་རིམ་ལུ་ སྤྲོ་བ་བསྐྱེད་བཅུག་ཞིནམ་ལས་ རོ་ཁྱི་ཚུ་ ཞིབ་དཔྱད་ས་ཁོངས་ནང་ འབག་འོང་ཐབས་འབད་ནི་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ འབད་བ་ཅིན་ གོ་བརྡའི་ལས་རིམ་ལུ་བརྟེན་ རོ་ཁྱི་ཡོད་པའི་ས་ཁོངས་ཀྱི་ བརྒྱ་ཆ་༢༠ ཚུན་ ཁྱབ་མ་ཚུགས་པ་ཅིན་ སྤྱང་ཁྱི་ཚུ་གིས་ ཧེ་མ་བཟུམ་སྦེ་ར་ ཕྱུག་གུ་འཚའ་སྟེ་ གྱངས་ཁ་ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ མི་སྡེའི་ཁ་ཐུག་ལས་ མཉམ་རུབ་དགོ་ཟེར་ཨིན་པས།
ཌོག་ཊར་ ཧེ་རུ་ཀ་མ་ཧཌ་གིས་ སླབ་མིའི་ནང་ ད་ཚུན་ལུ་ ལས་རིམ་འགོ་འདྲེན་འཐབ་མི་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ལས་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་འབད་བ་ཅིན་ སྤྱང་ཁྱི་གི་གྱངས་ཁ་དེ་ ཚད་འཛིན་འབད་ཚུགས་ཏེ་ ཡོད་ཟེར་ཨིན་པས།
ཌོག་ཊར་གིས་ སྤྱང་ཁྱི་མངམ་ཡོད་པའི་རྫོང་ཁག་ དཔེ་འབད་བ་ཅིན་ ཐིམ་ཕུག་ སྤ་རོ་ དེ་ལས་ བུམ་ཐང་ཚུ་ནང་ དམིགས་གཏད་བསྐྱེད་དེ་ ལཱ་འབད་ནི་ཨིནམ་ལས་ དེ་གིས་ མ་འོངས་པ་ནང་ སྤྱང་ཁྱི་གི་གྱངས་ཁ་ མར་ཕབ་ རྐྱབ་ཚུགས་ཟེར་ བཤདཔ་ཨིན་པས།
རྫོང་ཁག་ཚུ་ནང་ མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ སྨན་བཅོས་མཁས་མཆོག་ཚུ་གིས་ སྤྱང་ཁྱི་ཚུ་ གཤག་བཅོས་འབད་ནིའི་ལས་རིམ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་དང་ མི་སྡེའི་གནས་རིམ་ནང་ སྤྱང་ཁྱི་གི་གྱངས་ཁ་ མར་ཕབ་འབད་ཐབས་དང་ མི་ཚུ་ལུ་ སྤྱང་ཁྱི་ཚུ་ བདག་འཛིན་འབད་བཅུག་ནི་ བསམ་སྤྱོད་ལེགས་བཅོས་འབད་ནི་ འཆོལ་ནད་ཀྱི་སྐོར་ལས་ ཤེས་ཡོན་དང་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དེ་ ཨིན་ཟེར་ཨིན་པས།
ཌོག་ཊར་ ཧེ་རུ་ཀ་མ་ཧཱཌ་གིས་ འབད་བ་ཅིན་ ལས་ཁུངས་ཀྱིས་ ཨུ་ཚུགས་བསྐྱེད་དེ་ མི་སེར་ཚུ་ལུ་ སྤྱང་ཁྱི་ཚུ་ བདག་འཛིན་འཐབ་བཅུག་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིནམ་ད་ སྤྱང་ཁྱི་མང་ཤོས་ཅིག་ སྨན་ཁབ་བཙུགས་ཡོདཔ་ལས་ ཧེ་མའི་རིགས་དང་ཕྱདཔ་ད་ ད་ལྟོ་འཚའ་མི་ཕྱུག་གུ་ཚུ་ ལེགས་ཤོམ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལས་ ལས་ཁུངས་དང་ རྒྱལ་སྤྱི་མི་སྡེ་བྱམས་སེམས་ཅན་ ཡུ་ཨེསི་ཨེ་གིས་ རྒྱལ་ཡོངས་སྤྱང་ཁྱི་གི་ གྱངས་ཁ་ཚད་འཛིན་དང་ འཆོལ་ནད་བཀག་ཐབས་ལས་འགུལ་ནང་ འཛུལ་ཞུགས་འབད་དེ་ སྤྱི་ལོ་༢༠༡༨ ཚུན་ རྫོང་ཁག་༢༠ ནང་ རོ་ཁྱི་༩༢,༠༠༠ དེ་ཅིག་ སྨན་ཁབ་བཙུགས་ཡོདཔ་མ་ཚད་ གཤག་བཅོས་ཡང་འབད་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ རོ་ཁྱི་འཆོལ་ནད་ཐོབ་མི་གིས་ མི་ལུ་སོ་བཏབ་མི་མཇུག་ར་ སྤྱི་ལོ་༢༠༡༦ ཟླ་༥ པའི་ནང་ བྱུང་མི་དེ་ཨིན་པས།
ལས་ཁུངས་ཀྱིས་ ཐིམ་ཕུག་ཁྲོམ་དང་ སྤ་རོ་ཁྲོམ་༢ ནང་ཡོད་པའི་ སྒོ་ཁྱི་ཚུ་ བརྒྱ་ཆ་༢༡ དང་ མི་སྡེ་གྲོང་གསེབ་ནང་ལས་ཕར་ བརྒྱ་ཆ་༤༠ དེ་ཅིག་ ཞིབ་འཚོལ་འབད་ཚར་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ཡོད་པའི་ རོ་ཁྱི་ཡོངས་བསྡོམས་ལས་ བརྒྱ་ཆ་༦༠ དང་༨༠ གི་བར་ན་ སྨན་ཁབ་དང་ གཤག་བཅོས་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *