འདས་པའི་རེས་གཟའ་སྤེན་པ་ལུ་ ཐིམ་ཕུག་ལུ་ ཀོ་རི་ཡའི་ བཞེས་སྒོའི་དུས་སྟོན་བརྩི་སྲུང་གི་དོན་ལུ་ བཞེས་སྒོ་བཀྲམ་སྟོན་འབད་བའི་བསྒང་།

རེས་གཟའ་ཉི་མ་ལུ་ འབྲུག་དང་ ཀོ་རི་ཡའི་མཐུན་འབྲེལ་བརྩི་སྲུང་འབད་ནི།

༉ འབྲུག་དང་ ཀོ་རི་ཡ་མི་སེར་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་དེ་ ལོ་ངོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཀེ་པོབ་ཟེར་མི་ ཡོངས་གྲགས་ཅན་གྱི་ ཞབས་ཁྲ་འཐེན་མི་སྡེ་ཚན་ཅིག་གིས་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་ ཞབས་ཁྲའི་ལས་རིམ་ སྤྱན་འབུལ་ཞུ་ནི་ཨིན་པས།
ལས་རིམ་དེ་ཡང་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ ཌའི་ནཱསི་ཊི་ ཀོ་ཚད་འཛིན་གྱིས་ འགོ་འདྲེན་འཐབ་ཨིན་པས།
དེ་བསྒང་ འཛམ་གླིང་ནང་ སྙན་གྲགས་ཅན་ཅིག་ཨིན་མི་ པརཀ་ ཇའི་སང་གིས་ འགོ་ཁྲིད་ཐོག་ ཞབས་ཁྲ་འཐེན་མི་གཞན་༥ གིས་ ཐུགས་སྤྲོའི་ལས་རིམ་ སྤྱན་འབུལ་ཞུ་ནི་ཨིནམ་ད་ ལས་རིམ་དེ་ཡང་ ཉིན་མའི་ཆུ་ཚོད་༣ ལུ་ འགོ་བཙུགས་ནི་ཨིནམ་ལས་ ལྟདམོ་ལྟ་བར་ འགྱོ་མི་ཚུ་གིས་ འཐུས་ག་ནི་ཡང་ སྤྲོད་མི་དགོཔ་ཨིན་པས།
དུས་སྟོན་དང་འབྲེལ་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ལུ་ ཀོ་རི་ཡའི་ བཞེས་སྒོ་དང་ གློག་བརྙན་དུས་སྟོན་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་ནུག།
འབྲུག་དང་ ཀོ་རི་ཡ་རྒྱལ་ཁབ་ཀྱི་བར་ན་ མཐུན་འབྲེལ་བརྩི་སྲུང་གི་དོན་ལུ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡ ལས་ སྤྱི་ཟླ་༨ པའི་ཟླ་མཇུག་ཚུན་ ཉིན་བསྟར་གྱི་ཁྲལ་ མི་རེ་གིས་ ཉུང་ཤོས་ཡུ་ཨེསི་ཌོ་ལར་༢༠༠ རེ་ ངེས་པར་དུ་ སྤྲོད་དགོ་མི་དེ་ སྤྲོད་མ་དགོ་པའི་ གདམ་ཁ་རྐྱབ་ཆོག་ནི་ཨིན་པས།
དེ་གི་ཚབ་ལུ་ ཀོ་རི་ཡའི་ མི་རེ་གིས་ ཞག་རེ་ལུ་ གཞུང་གི་སྤྱོད་འཐུས་ ཡུ་ཨེསི་ཌོ་ལར་༦༥ མ་གཏོགས་ སྤྲོད་མ་དགོ་པའི་ཁར་ འབྲུག་གི་གནམ་གྲུ་དང་ བཀྲིས་ཨེ་ཡར་ནང་ འཕུར་འགྲུལ་འབདཝ་ད་ གླ་འཐུས་བརྒྱ་ཆ་༣༠ རེ་དང་ ཟ་ཁང་ཚུ་ནང་ བརྒྱ་ཆ་༥༠ ཚུན་ ཕབ་ཆག་འཐོབ་ཚུགས་ནི་ཨིན་པས།
འབྲུག་དང་ ཀོ་རི་ཡ་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་དེ་ སྤྱི་ལོ་༡༩༨༧ ཟླ་༩ པའི་ཚེས་༢༤ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *