རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱིས་ ཐོ་བཀོད་འཐུས་དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་ བཟོ་ཡོདཔ།

༉ བསྟན་རྒྱས་ལྷན་ཁག་འོག་གི་ རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱིས་ དཔེ་རིས་དང་ བཟོ་གྲྭ་ཁང་གི་བཟོ་བཀོད་ ཚོང་འབྲེལ་ངོ་རྟགས་ དེ་ལས་ རྒྱུ་དངོས་དབང་ཁྱབ་ལ་སོགས་པ་ཚུ་ ཐོ་བཀོད་འབད་མི་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༡༠༠ ལས་ ལྷག་ཡོདཔ་ཨིན་པས།

རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱིས་ འོང་འབབ་དེ་ཡང་ འབྲུག་པའི་དངུལ་ཀྲམ་དང་  སུ་ཡིཛ་ཕ་རནསི་ཐོག་ ཐོ་བཀོད་འབད་བའི་འཐུས་ཚུ་ ལེན་མི་ལས་ཐོབ་མི་ཚུ་ཨིནམ་ད་ ལས་སྡེ་དང་ ཚོང་འབྲེལ་ལས་སྡེ་ཚུ་གི་ ངོ་རྟགས་ཚུ་ ཚོང་འབྲེལ་ས་ཁོངས་དང་ རང་སོའི་ལས་སྡེ་གི་རྒྱུ་དངོས་ཚུ་ ཁྲོམ་ཁར་བཙོང་པའི་སྐབས་ གཞན་གྱིས་བཟོ་མི་རྒྱུ་དངོས་ལས་ ངོ་ཕྱེ་ཚུགས་པའི་ བརྡ་མཚོན་ཨིན་པས།

ཚོང་འབྲེལ་གྱི་ལམ་ལུགས་ནང་ ཚོང་འབྲེལ་ཡར་དྲག་འགྱོ་ནི་དང་ ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་ཐབས་ལུ་ ངོ་རྟགས་དེ་ཨིནམ་ད་ དེ་གིས་སྦེ་ ལཱ་གཡོག་གི་གོ་སྐབས་ཡང་ བཟོ་ཚུགསཔ་ཨིན་པས།

དེ་མ་ཚད་ ཚོང་འབྲེལ་ངོ་རྟགས་དེ་གིས་ ཚོང་ཆས་ཚུ་གི་བར་ན་ དོ་འགྲན་བྱིན་ཏེ་ ཁྲོམ་ཁར་སྤུས་ཚད་ཅན་གྱི་ ཚོང་ཆས་ཚུ་ བཟོ་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་པའི་ཁར་ ཚོང་འབྲེལ་ངོ་རྟགས་ཚུ་ ཐོ་བཀོད་འབད་ནི་དང་ ངོ་རྟགས་བཟོ་ནིའི་ནང་ དབང་ཁྱབ་བྱིན་ཐབས་ལུ་ སྤྱི་ལོ་༢༠༠༡ ལོའི་ བཟོ་གྲྭ་དང་རྒྱུ་དངོས་བཅའ་ཁྲིམས་དང་ རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱི་བཅའ་ཁྲིམས་༢༠༠༡ ཅན་མ་ཚུ་ འཕྲི་སྣོན་འབད་ཡོདཔ་ཨིན་པས།

ཚོང་འབྲེལ་ངོ་རྟགས་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ རྒྱལ་ཡོངས་ལམ་ལུགས་ཐོག་ལས་ ཐོ་བཀོད་འབད་ནི་དང་ གཉིས་པ་དེ་ འབྲུག་མི་མེན་མི་ཚུ་གིས་ཡང་ ནང་འཁོད་ཀྱི་ཞབས་ཏོག་ཚུ་ སྤྱོད་ཐོག་ལས་ ཐོ་བཀོད་འབད་སྲོལ་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་འདི་ཡང་ རྒྱལ་སྤྱི་ཐོ་བཀོད་འབད་མིའི་ ལམ་ལུགས་ནང་ སྤྱི་ལོ་༢༠༠༠ ལས་ འཛུལ་ཞུགས་འབད་ཡོདཔ་ད་ ལམ་ལུགས་དེ་ནང་ རྒྱལ་སྤྱི་ནང་ལས་ཡང་ ཐོ་བཀོད་འབད་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ དེ་ལས་ཐོབ་མི་ ཐོ་བཀོད་འཐུས་ཚུ་ག་ར་ གཞུང་གི་རྩིས་ཁྲ་ནང་ བཙུགས་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༨ ཀྱི་ཟླཝ་༦ པ་ཚུན་ རྒྱལ་སྤྱི་དང་ རྒྱལ་ཁབ་ནང་འཁོད་ལས་ ཐོ་བཀོད་འབད་བའི་འཐུས་ དངུལ་ཀྲམ་ས་ཡ་༡༠༢.༠ ཐོབ་ཡོདཔ་བཞིན་དུ་ ཐོ་བཀོད་འབད་མི་༡༧,༤༥༨ ཡོདཔ་ཨིན་པས།

ཕྱི་མི་ཚུ་གིས་ འབྲུག་ལུ་ ཐོ་བཀོད་འབད་མི་དེ་ལས་ སུ་ཡིཛ་གི་ཏི་རུ་ སུ་ཡིཛ་ཕ་རནསི་ཐོག་ལས་ ལེན་མི་དེ་གིས་ རྒྱལ་ཁབ་ཀྱི་ ཕྱིའི་མ་དངུལ་བརྗེ་སོར་ནང་ ལྷན་ཐབས་འབད་དེ་ ཕྱིའི་མ་དངུལ་གསོག་འཇོག་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༠ ལུ་ རྒྱལ་ཡོངས་ལས་ ཐོ་བཀོད་འབད་མི་དེ་ཅིག་མེད་རུང་ ད་རེས་ནངས་པར་ ཡར་སེང་འགྱོ་དོ་ཡོདཔ་ད་ ནང་འཁོད་དང་ཕྱདཔ་ད་ རྒྱལ་སྤྱི་ལས་ ཐོ་བཀོད་འབད་མི་ མཐོ་སུ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *