རིག་རྩལ་བརྗེ་སོར་ཐོག་ ལྷབ་སྦྱང་འབད་ནིའི་གོ་སྐབས།

༉ སློབ་སྦྱོང་ཁག་སོ་སོའི་ ཤེས་ཡོན་དང་འབྲེལ་བའི་ གློག་བརྙན་༢༧,༠༠༠  ཐོག་ལུ་ ཡོངས་འབྲེལ་ནང་ ལྷབ་སྦྱང་འབད་ནིའི་ རིག་རྩལ་བརྗེ་སོར་ཐབས་ལམ་དེ་གིས་ འདས་པའི་ཟླཝ་༤ ནང་ ལཱ་གཡོག་འཚོལ་མི་དང་ ཚོང་ལཱ་འབད་མི་ཚུ་གིས་ བརྡ་དོན་སྤྲོད་ལེན་འབད་ནི་དང་ གློག་རིག་རིམ་ལུགས་ལག་ལེན་ ཤོག་དེབ་བཟོ་བཀོད་ཚུ་ ལྷབ་ནི་ལུ་ ཕན་ཐོགས་བྱུང་ནུག།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ ལས་གཡོག་དང་མི་སྟོབས་ལྷན་ཁག་གིས་ ན་ཧིང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༣ པ་དང་བསྟུན་ ཡོངས་འབྲེལ་ཐོག་ ལྷབ་སྦྱང་འབད་ནིའི་ གྲོས་གནས་དེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

སློབ་སྦྱོང་ལས་རིམ་ཁག་སོ་སོའི་ནང་ ངོ་རྐྱང་༡,༠༠༠ གིས་ ཐོ་བཀོད་འབད་ཡོད་མི་ལས་༧༦༡ གིས་ ཡོངས་འབྲེལ་གྱི་ གྲོས་གནས་ནང་ བཅའ་མར་གཏོགས་ཡོདཔ་ད་ འབྲེལ་འཛིན་ཅན་སྦེ་ གྲལ་གཏོགས་མ་འབད་མི་ཚུ་གི་ཚབ་ལུ་ ཞུ་ཡིག་གསརཔ་བཙུགས་མི་ཚུ་ལུ་ གོ་སྐབས་སྤྲོད་དོ་ཡོདཔ་ལས་ དང་འདོད་ཡོད་མི་ཚུ་གིས་ ལྷན་ཁག་གི་ ཡོངས་འབྲེལ་འཆར་སྒོ་ནང་ ཞུ་ཡིག་བཙུགས་ཆོག་ནི་ཨིན་པས།

རིག་རྩལ་བརྗེ་སོར་གྱི་ ལྷབ་སྦྱང་ལས་རིམ་ནང་ འགོ་ཁྲིད་དང་ འཛིན་སྐྱོང་འབད་ཐངས་  ཚོངས་བསྒྲགས་ གློག་བརྙན་  སྙན་ཆ་ རིག་རྩལ་རྩོམ་བྲིས་ ཤོག་དེབ་བཟོ་བཀོད་ པར་རིས་  ཡོངས་འབྲེལ་འཆར་སྒོ་བཟོ་བཀོད་འབད་ནི་ལ་སོགས་པ་ཚུ་ཡོདཔ་ཨིན་པས།

འདི་བཟུམ་མའི་ རིག་རྩལ་ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་ཡོད་མི་ས་ཡ་༨ ལྷགཔ་ཅིག་ཡོདཔ་ད་  སློབ་སྟོན་ཚུ་ཡང་ འཛམ་གླིང་མཁས་མཆོག་ཚུ་གིས་ འབདཝ་ཨིན་པས།

པར་བཏབ་ནིའི་ སློབ་སྦྱོང་འབད་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་  ཁོ་གིས་ པར་བཏབ་ནིའི་ ཐབས་རིག་དང་ ཡོན་ཏན་གསརཔ་ཚུ་ རིག་རྩལ་བརྗེ་སོར་ནང་ལས་ ལྷབ་ཅི་ཟེར་ཨིན་པས།

ད་རུང་ བཅའ་མར་གཏོགས་མི་ཅིག་གིས་འབད་བ་ཅིན་ ཡོངས་འབྲེལ་གྱི་ གྲོས་གནས་ཐོག་ ལྷབ་སྦྱང་འབདཝ་ད་ མོ་རའི་ རྩོམ་བྲིས་རིག་རྩལ་དེ་ ཡར་དྲག་འགྱོ་ནི་ལུ་ ལྷན་ཐབས་བྱུང་ཡི་ཟེར་ཨིན་པས།

ལས་གཡོག་ལྷན་ཁག་གི་ ལས་རིམ་གཙོ་འཛིན་ བསྟན་འཛིན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༤ པ་ཚུན་ཚོད་ བཅའ་མར་གཏོགས་མི་ཚུ་གིས་ སློབ་སྦྱོང་༢,༨༦༢ ནང་ གྲལ་གཏོགས་འབད་མི་ལས་༡༧༤ མཇུག་བསྡུ་ཡོདཔ་ཨིན་མས།

བསྟན་འཛིན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ རིག་རྩལ་བརྗེ་སོར་ལས་རིམ་གྱིས་  ལཱ་གཡོག་མེད་མི་དང་  ཚོང་ལཱ་འབད་མི་ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་ལུ་  རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ འདི་བཟུམ་མའི་ ཐབས་ལམ་ཚུ་གི་ཐོག་ལས་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་གཏང་ནི་ལུ་ ལྷན་ཁག་གིས་ ལྷན་ཐབས་འབདཝ་ཨིན་ཟེར་ མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

པདྨ་ཆོས་སྐྱིད།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *