དབང་ཕྱུག་འཕྲིས་སྡེ་ཚན་གྱི་ མདའ་རྩེཔ་ཅིག་གིས་ ཚ་གཏད་པའི་བསྒང་།

རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ མང་སུ་ཐོན་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་༡༥ ལས་ འགོ་བཙུགས་མི་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་རྩེད་འགྲན་ནང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ བཅའ་མར་གཏོགས་མི་ སྡེ་ཚན་གྱི་གྱངས་ཁ་ ཡར་སེང་སོང་ནུག།

འབྲུག་རང་ལུགས་མདའ་རྩེད་ཚོགས་པ་ལས་ ཐབས་རིག་འགོ་དཔོན་ པདྨ་ཟླ་བ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ ལས་ཚུར་ རང་ལུགས་ཀྱི་མདའ་གུ་ བྱའི་ཤོག་སྒྲོ་ལག་ལེན་འཐབ་ནི་ བཀག་ཆ་འབད་བའི་ཤུལ་ལས་ བྱ་སྒྲོ་གི་ཚབ་ གྱིབ་ཤོག་སྦྱར་མི་དེ་ གོང་ཚད་ཁེ་མི་ལུ་བརྟེན་ སྤྲོ་བ་བསྐྱེད་མི་ མངམ་ཐོནམ་མས་ཟེར་ཨིན་པས།

ལོ་༥ འི་ཧེ་མར་ མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་མཐོ་ཤོས་༢༠ དང་ དམའ་ཤོས་༡༢ འོང་མི་དེ་ ད་རེས་ནངས་པར་ དམའ་ཤོས་༣༠ དང་ མཐོ་ཤོས་༤༠ ལྷགཔ་ཅིག་ འོངམ་མས་ཟེར་ཨིན་པས།

ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ལྟག་གི་འབའ་སྐྱོར་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ དབང་ཕྱུག་འཕྲིས་སྡེ་ཚན་༢ དང་ འོག་གི་འབའ་སྐྱོར་ནང་ བཀྲིས་གཡང་རྩེ་ རམ་འཇར་རྒེད་འོག་དང་ བཀྲིས་སྒང་ ཕོངས་མེད་རྒེད་འོག་གི་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་ནི་དེ་གིས་ ད་རིས་ འཕྲོ་མཐུད་རྩེད་འགྲན་ འབད་ནི་ཨིན་པས།

འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་དེ་ མི་དབང་འབྲུག་རྒྱལ་༤ པ་ མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ སྤྱི་ལོ་༢༠༠༣ ལས་ འགོ་འདྲེན་འཐབ་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༤ དང་༡༥ ལུ་ མཐའ་བཅད་རྩེད་འགྲན་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *