རྒྱལ་ཁ་ཐོབ་མི་མདའ་རྩེདཔ་ཚུ།

རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ནང་ ལྷ་རྒྱལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ རང་ལུགས་ཀྱི་ མདའ་རྩེད་དང་ ལམ་སྲོལ་གོང་འཕེལ་གཏང་ཐབས་ལུ་ མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་ཡང་ ལམ་སྲོལ་ཟུར་རྒྱན་རང་ལུགས་མདའ་རྩེད་འགྲན་བསྡུར་ཐེངས་༤ པའི་ནང་ དབང་འདུས་དང་ མགར་ས་ སྤུ་ན་ཁ་ལས་ སྡེ་ཚན་༡༦ གིས་ བཅའ་མར་གཏོགས་ནུག།
རྩེད་འགྲན་དེ་ ཡོངས་གྲགས་ཅན་གྱི་ གཡང་འཕེལ་ལམ་ལུགས་ཐོག་ལས་ ཉིན་བསྟར་བཞིན་དུ་ སྡེ་ཚན་༣ གྱིས་ སྐོར་ཐེངས་༡༥ རེ་སྦེ་ འགྲན་བསྡུར་ཁག་༢ རེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མཐའ་བཅད་འགྲན་བསྡུར་ནང་ སྤྱི་མཐུན་སྡེ་ཚན་དང་ དབང་སྤུང་ དེ་ལས་ ལྷ་རྒྱལ་སྡེ་ཚན་༣ གྱི་ བར་ན་ འགྲན་བསྡུར་འབདཝ་ད་ ལྷ་རྒྱལ་སྡེ་ཚན་གྱིས་ ཨང་དང་པ་དང་ ཨང་༢ པ་དབང་སྤུང་ ཨང་༣ པ་ སྤྱི་མཐུན་སྡེ་ཚན་ཐོན་ཡོདཔ་བཞིན་དུ་ ཨང་དང་པ་ལུ་ ཨིན་ཅི་༣༢ འབད་མི་ རྒྱང་མཐོང་ཊི་བི་རེ་ བྱིན་པའི་ཁར་ ཨང་༢ པ་དང་༣ པ་ལུ་ཡང་ རྒྱང་མཐོང་བར་མ་དང་ ཆུང་བ་རེ་བྱིན་ཡོདཔ་ཨིན་པས།
རྩེད་འགྲན་ནང་ གསོལ་རས་གཞན་ཡང་ མདའ་རྩེདཔ་དྲག་ཤོས་དང་ འགོ་དང་པ་བཅའ་མར་གཏོགས་མི་ དེ་ལས་ ངོ་རྐྱང་གི་ གསོལ་རས་ཚུ་ཡང་བྱིན་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡ ལས་ འགོ་བཙུགས་མིའི་ འགྲན་བསྡུར་དེ་ ཚེས་༡༤ ལུ་ མཐའ་བཅད་འགྲན་བསྡུར་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *