ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ནིའུ་ཡོག་ལུ་ འབྲུག་གི་ འཛམ་གླིང་སྤྱི་ཚོགས་གཏན་བཞུགས་སྐུ་ཚབ་ཡིག་ཚང་ནང་ ཡོངས་འབྲེལ་ཐོག་ལས་ ཕྱི་འབྲེལ་ལྟེ་བ་༢༠༢༢ ཅན་མ་ སྒོ་འབྱེད་འབད་བའི་བསྒང་།

ཡོངས་འབྲེལ་ཐོག་ལས་ ཕྱི་འབྲེལ་ལྟེ་བ་༢༠༢༢ ཅན་མ་ སྒོ་འབྱེད་འབད་ཡོདཔ།

༉ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞུགས་འབད་བའི་ ཉིནམ་དང་འབྲེལ་ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ནིའུ་ཡོག་ལུ་ འབྲུག་གི་ འཛམ་གླིང་སྤྱི་ཚོགས་གཏན་བཞུགས་སྐུ་ཚབ་ཡིག་ཚང་ནང་ ཡོངས་འབྲེལ་ཐོག་ལས་ ཕྱི་འབྲེལ་ལྟེ་བ་༢༠༢༢ ཅན་མ་ སྒོ་འབྱེད་འབད་ཡོདཔ་བཞིན་དུ་ ལྟེ་བ་དེ་ཡང་ ཐེངས་༣ པ་ཨིན་པས།

ཕྱི་འབྲེལ་ལྟེ་བ་དེ་ཡང་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞུགས་འབད་དེ་ ལོ་ངོ་༥༠ འཁོར་མི་ལུ་དམིགས་ཏེ་ཨིན་པས།

སྤྱི་ལོ་༡༩༧༡ ཟླ་༩ པའི་ཚེས་༢༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ ཚོགས་བཞུགས་ཐེངས་༢༦ པའི་ནང་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་༡༢༨ པ་སྦེ་ འཛུལ་ཞུགས་འབད་ནུག།

འཛུལ་ཞུགས་འབད་བའི་ ཉིནམ་དེ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ གསརཔ་དང་འབྲེལ་ འབྲུག་གིས་ བཱ་རེན་རྒྱལ་ཁབ་ཡང་ འཐུས་མི་གསརཔ་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་ནིའི་རང་དབང་ འགོ་དང་པ་ ཐོབ་ཡོདཔ་ཨིན་པས།

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ དེ་གི་ནངས་པར་ སྤྱི་ལོ་༡༩༧༡ ཟླ་༩ པའི་ཚེས་༢༢ ལུ་ འབྲུག་གི་རྒྱལ་དར་དེ་ ནིའུ་ཡོག་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ཀྱི་ ས་ཁོངས་ནང་ འཕྱར་ཡོདཔ་ཨིན་པས།

དེ་ལས་ཚུར་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་སྦེ་ ངོས་ལེན་འབད་ཡོདཔ་བཞིན་དུ་ འཛམ་གླིང་སྤྱི་ཚོགས་དང་ དམིགས་བསལ་ལས་སྡེའི་ གཞི་རྟེན་མཉམ་འབྲེལ་བ་ཅིག་སྦེ་ བཙུགས་ཡོདཔ་ཨིན་པས།

འདས་པའི་ལོ་༥༠ རིང་ ང་བཅས་རའི་ རྒྱལཔོ་རིམ་བྱོན་ཚུ་གི་ དབུ་ཁྲིད་བཟང་པོའི་མངའ་འོག་ལུ་ འབྲུག་གིས་ གོང་འཕེལ་སྦོམ་སྦེ་ར་ འབག་ཚུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *