ཚེ་རིང་རྒྱལ་མཚན།

ཡོངས་འབྲེལ་གྱི་གྲོས་གནས་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་དོ་ཡོདཔ།

༉ ན༌གཞོན༌ལེ་ཤ་ཅིག༌གིས་ བརྡ་དོན་ཡོངས༌འབྲེལ་ནང་ འབྲེལ་འཛིན་འབད་དེ་ དུས༌ཚོད༌ལག་ལེན་འཐབ་ཨིན་རུང་ ན་གཞོན་དག་པ་ཅིག་གིས་ དང་འདོད་བསྐྱེད་ཐོག་ལས་ ཐབས་རིག་གསརཔ་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།

ན་གཞོན་ཚུ་གི་གྲས་ལས་ སྐྱེས་ལོ་༢༤ ལང་མི་ སློབ་ཕྲུག་ཚེ་རིང་རྒྱལ་མཚན་གྱིས་ ཡོངས་འབྲེལ་གྱི་ཐོག་ལས་ སྙན་ཆ་དང་ དུས་ཐུང་གློག་བརྙན་བཟོ་ནི་དང་ ཡོངས་འབྲེལ་ནང་ བཙུགས་ཐངས་ཚུ་ ལྷབ་དོ་ཡོདཔ་ལས་ ན་གཞོན་ཚུ་གིས་ ཁོ་ལུ་ ཡོངས་གྲགས་ལུ་ ཚེ་རིང་མོན་པ་རྒྱལ་མཚན་ཟེར་ སླབ་དོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་ལུ་ མོན་པ་ཟེར་ མིང་བཏགས་མི་དེ་ཡང་ ཁོ་ར་ རྒྱ་གར་ཏ་ཝང་གི་གླིངམ་ལག་ལེན་ཐོག་ལས་ ཞབས་ཁྲ་འཐེན་མི་ལུ་ དགའ་ནི་དེ་གིས་ཨིན་ཟེར་ཨིན་པས། 

ཚེ་རིང་རྒྱལ་མཚན་གྱིས་ ན་གཞོན་མང་ཤོས་ཅིག་གིས་ སྙན་ཆ་དང་འབྲེལ་བའི་ གློག་བརྙན་བཟོ་ནི་ཚུ་ལུ་ སྤྲོ་བ་བསྐྱེདཔ་ཨིན་རུང་ བཟོ་ནི་གི་ རིག་རྩལ་མེདཔ་ལས་ ཁོ་གིས་སྦེ་ གོ་སྐབས་བྱིན་ཡི་ཟེར་ བཤདཔ་ཨིན་པས།

ཚེ་རིང་རྒྱལ་མཚན་གྱིས་ གླུ་ཚིག་ལེ་ཤ་བརྩམས་ཡོདཔ་མ་ཚད་ པར་བཏབ་ནི་དང་ སྲུང་རྩོམ་འབྲི་ནི་ གློག་བརྙན་ཚུ་ནང་ཡང་ འཁྲབ་རྩེད་འབད་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་རའི་ཉིནམ་དེ་ སྨྱུ་གུ་འཐུ་ཐོག་ལས་ སེམས་ཁར་ག་ཅི་མནོ་མི་བྲིས་ཏེ་ ཞབས་ཁྲ་ ཡང་ཅིན་ སྲུང་སྦེ་ལག་ལེན་འཐབ་ཨིན་ཟེར་ཨིན་པས།

ཁོ་གིས་ ལཱ་འདི་བཟུམ་འབད་དེ་ ལོ་༣ དེ་ཅིག་ ལང་དོ་ཡོདཔ་མ་ཚད་ ཞབས་ཁྲ་༣༠ དེ་ཅིག་ བརྩམས་ཡོདཔ་ད་ ཞབས་ཁྲ་མང་ཤོས་ར་ གུས་བཏུད་དང་ དགའ་བ་ མི་ཚེ་ལུ་ གཞི་བཞག་ཏེ་ བརྩམས་ཡོདཔ་མ་ཚད་ ཞབས་ཁྲ་༦ དེ་ཅིག་ འཐེན་ཡོདཔ་ཨིན་པས། 

ཁོ་གིས་ ཞབས་ཁྲ་ཚུ་ མང་ཤོས་ར་ མི་སྡེ་བརྡ་བརྒྱུད་ཀྱི་གྲོས་གནས་ ཕེསི་བུག་དང་ ཡུ་ཊུབ་ཚུ་ནང་ བཙུགས་ཡོདཔ་ད་ ཞབས་ཁྲ་ལེ་ཤ་བརྩམས་ཡོད་མིའི་ནང་ལས་ དགའ་ཤོས་ར་ འགྱོ་བའི་ལམ་ཟེར་མི་དེ་ ཨིནམ་བཞིན་དུ་ ཞབས་ཁྲའི་ཚིག་ཡང་ ཁོ་རའི་ མི་ཚེའི་ཉམས་སྣང་ལུ་ གཞི་བཞག་ཡོདཔ་ཨིན་པས།

ཁོ་གི་ ཕམ་གཉིས་ཆ་ར་ ཚེ་ལས་འདས་ཡོདཔ་ད་ ཞབས་ཁྲ་བརྩམ་ནི་ལུ་ སེམས་ཤུགས་དང་ སྤྲོ་བ་དགོ་པའི་ཁར་ སྐད་ཡིག་དང་ ཁ་སྐད་ཚུ་ཡང་ ལེགས་ཤོམ་དགོ་ཟེར་ ཚེ་རིང་རྒྱལ་མཚན་གྱིས་ བཤདཔ་ཨིན་རུང་ ད་རེས་ ཁོ་ལུ་ གདོང་ལེན་སྦོམ་ཤོས་ར་ གློག་བརྙན་བཟོ་ནི་གི་ མཁོ་ཆས་མེད་མི་དེ་ཨིན་ཟེར་ བཤདཔ་ཨིན་པས།

ཁོ་གིས་ རྩོམ་བྲིས་འབད་མི་ སྟོང་ལོར་དབང་མོ་ཟེར་མི་དེ་ པར་སྐྲུན་འབད་ནི་ལུ་ སྒུགཔ་ཨིན་པས།

ཚེ་རིང་རྒྱལ་མཚན་གྱིས་ ཀྲོང་གསར་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ རྫོང་ཁ་དང་ལམ་སྲོལ་གྱི་ གཙུག་ལག་གཞི་རིམ་ ཤེས་ཡོན་ལྷབ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་-བསྟན་འཛིན་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *