མི་དབང་རྒྱལ་བཙུན་མཆོག་ བློན་ཆེན་དང་ འབྲེལ་ཡོད་ལས་སྡེ་ཁག་གི་ འགོ་དཔོན་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།

ཡུ་ཨེས་ཌོ་ལར་ས་ཡ་༤༣ གནས་པའི་ ཉམས་སྲུང་ལས་འགུལ་ འགོ་འབྱེད་གནང་ཡོདཔ།

༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ མི་དབང་རྒྱལ་བཙུན་མཆོག་གིས་ བྷུ་ཊཱན་ ཕོར་ ལ་ཡེཕ་ཟེར་མི་ འབྲུག་གི་རི་དྭགས་དང་ མཐའ་འཁོར་སྲུང་སྐྱོབ་ལས་འགུལ་ འགོ་འབྱེད་གནང་ཡི།
འབྲུག་གཞུང་དང་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་ (ཌབ་ལུ་ཌབ་ལུ་ཨེཕ) གྱིས་ མཉམ་འབྲེལ་ཐོག་ལས་ འགོ་བཙུགས་མི་ ལས་འགུལ་དེ་ཡང་ འབྲུག་འདི་ དཔལ་འབྱོར་དང་ མཐའ་འཁོར་གནས་སྟངས་ ཡུན་བརྟན་ཐོག་ དུས་དང་རྣམ་པ་ཀུན་ཏུ་ གནས་ཐབས་ཀྱི་ ཐབས་བྱུས་དང་ མ་འོངས་ཡུན་རིང་གི་ ཐབས་ལམ་ཅིག་ཨིན་པས།
ལས་འགུལ་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ མཁྱེན་རྒྱ་ཆེ་བའི་ ལམ་སྟོན་དབུ་ཁྲིད་ཐོག་ལུ་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཕྲོ་མཐུད་དེ་ར་ ཉམས་སྲུང་སྒྲིང་སྒྲི་བཟོ་གནང་སྟེ་ མཐར་འཁྱོལ་སྦོམ་ བྱུང་མི་ལུ་ གཞི་བཟུང་སྟེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ འགོ་དང་པ་ཨིན་མི་ ལས་འགུལ་དེ་གི་དོན་ལུ་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་དང་ ཞལ་འདེབས་འབད་མི་གཞན་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་༢.༨ བྱིན་ཡོདཔ་ད་ ལས་འགུལ་དེ་གིས་ འབྲུག་གི་སྲུང་སྐྱོབ་ས་ཁོངས་ཚུ་ བརྒྱ་ཆ་༥༡ དེ་ཅིག་ཡོད་མིའི་ནང་ ཡུན་བརྟན་གྱི་ཐོག་ལས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ནིའི་དོན་ལུ་ཨིན་པས།
ད་རིས་ མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་གི་རང་བཞིན་གནས་སྟངས་ཀྱི་ སྐྱབས་འཛིན་པའི་ ཕྱག་འགན་བཞེངས་ཏེ་ བླ་ན་མེད་པའི་ ཐུགས་བརྩོན་དང་ རྒྱབ་སྐྱོར་གནང་མི་ལུ་བརྟེན་ འབྲུག་གི་རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་མི་དེ་ ལྷག་པར་དུ་ རྩ་བརྟན་བཟོ་གནངམ་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ འགོ་འབྱེད་སྐབས་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གི་ དབུ་ཁྲིད་བཟང་པོའི་ཐོག་ལུ་ འབྲུག་གིས་ཉམས་སྲུང་ནང་ ཁྱད་འཕགས་ཅན་གྱི་ གྲུབ་འབྲས་ཐོན་མི་ལུ་ གུས་བཏུད་ཞུ་ཡོདཔ་ད་ རྒྱལ་བཙུན་མཆོག་གིས་ འབྲུག་གི་འཆར་སྣང་དེ་ རྒྱལ་སྤྱིའི་འགན་ཁྲི་རྐྱངམ་གཅིག་ འགྲུབ་ནི་མེན་པར་ མཐར་འཁྱོལ་ཅན་གྱི་ གྲུབ་འབྲས་དེ་གི་ཐོག་ལས་ འཛམ་གླིང་ནང་ སེམས་ཤུགས་བསྐྱེད་སའི་ གཞི་གནས་ཅིག་ལུ་ འགྱུར་ཐབས་འབད་ནི་དེ་ཨིན་ཟེར་གསུངས་ཡི།
མི་དབང་རྒྱལ་བཙུན་མཆོག་གིས་ ལས་འགུལ་འགོ་འབྱེད་གནངམ་དང་འབྲེལ་ དམིགས་བསལ་གྱི་ ངོས་འཛིན་གནང་སར་ བློན་ཆེན་དང་ གཞུང་གི་འགོ་དཔོན་ དེ་ལས་ རྒྱལ་སྤྱི་རང་བཞིན་གནས་སྟངས་ལས་ཚོགས་ཀྱི་ འགོ་འཛིན་ཚུ་གིས་ བཅའ་མར་གཏོགས་ནུག།
ལས་འགུལ་དེ་ ལོ་ངོ་༡༤ གི་རིང་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེ་གི་དོན་ལུ་ གྲོགས་རམ་འབད་མི་ ལས་སྡེ་དང་ མི་ངོ་ཚུ་གིས་ མ་དངུལ་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ཨིན་ན་ ལྟ་རྟོག་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *