ཡུ་རོབ་ལུ་ འབྲུག་གི་མཐུན་ཚོགས་ཚུ་གིས་ ལོ་ཟུང་ཞལ་འཛོམས་འགོ་འདྲེན་འཐབ་ཡོདཔ།

༉ ཡུ་རོ་པིན་འབྲུག་མཐུན་ཚོགས་ཀྱི་ ལོ་ཟུང་ཞལ་འཛོམས་དེ་ སྤྱི་ཟླ་༦ པའི་ཚེས་༢༡ ལས་༢༣ ཚུན་ སུ་ཡིད་ཛར་ལེན་གྱི་རྒྱལ་ས་ ཇེ་ནི་བཱ་དང་ ཕ་རཱནསི་གི་ཁྲོམ་སྡེ་ ཅ་མོ་ནིསི་ལུ་ སུ་ཡིད་ཛར་ལེན་-འབྲུག་གི་ལས་ཚོགས་དང་ ཕ་རཱནསི་ལུ་ཡོད་མི་ འབྲུག་གི་ཆ་རོགས་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ཇེ་ནི་བཱ་ལུ་ འགོ་འདྲེན་འཐབ་མི་ ཞལ་འཛོམས་དེ་ནང་ ཡུ་རོ་པིན་རྒྱལ་ཁབ་༡༣ ལས་ མཐུན་ཚོགས་༡༤ གི་ འཐུས་མི་༥༠ ལྷགཔ་ཅིག་དང་ ཇར་མ་ནི་དང་ ནེ་དར་ལེནསི་ལུ་ འབྲུག་གི་དོན་གཅོདཔ་སྐུ་ཚབ་ དེ་ལས་ འབྲུག་གི་ལྟ་བཤལ་ཚོགས་སྡེའི་ མདོ་ཆེན་གྱིས་གཙོས་པའི་ ཇེ་ནི་བཱ་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་གཞུང་ཚབ་ལས་དང་ བཱ་ར་སིལསི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཞལ་འཛོམས་གཉིས་པ་དེ་ སྤྱི་ཟླ་༦ པའི་ཚེས་༢༢ དང་༢༣ ལུ་ ཕ་རཱནསི་གི་ཁྲོམ་སྡེ་ ཅ་མོ་ནིསི་ལུ་ འགོ་འདྲེན་འཐབ་པའི་སྐབས་ གཞུང་ཚབ་པདྨ་ཆོས་སྒྲོན་གྱིས་ བྱོན་པ་ལེགས་སོའི་ གསལ་བཤད་འབདཝ་ད་ ཇ་རོགས་མཐུན་ཚོགས་ཚུ་གིས་ འབྲུག་ལུ་ རྒྱབ་སྐྱོར་དང་ འབྲུག་རྒྱལ་ཁབ་དང་ ཡུ་རོབ་ཀྱི་བར་ན་ མཐུན་འབྲེལ་གོང་འཕེལ་བཏང་མི་དེ་ལུ་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ཡིད་ཆེས་ངལ་རངས་དང་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོད་པའི་གནས་ཚུལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *