སྤུ་ན་ཁ་ཝ་ལ་ཁ་ལུ་ ཞིང་གཤགས་ཡབ་དྲགོས་ཨྱོན་རྡོ་རྗེའི་ སྤུར་སྦྱང་ཕུལ་བའི་བསྒང་།

ཡབ་དྲགོས་ཨྱོན་རྡོ་རྗེ་གཤགས་མིའི་ སྤུར་སྦྱང་ཕུལ་ཡོདཔ།

༉ ཁ་ཙ་ རང་ལུགས་གནམ་ལོ་ས་མོ་ཕག་ལོ་ ཟླ་༨ པའི་ཚེས་༥ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ སྤུ་ན་ཁ་ཝ་ལ་ཁ་ལུ་ ཡབ་དྲགོས་ཨྱོན་རྡོ་རྗེ་གཤགས་མིའི་ སྤུར་སྦྱང་ཕུལ་ཡོདཔ་ཨིན་པས།
སྤུར་སྦྱང་ཕུལ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་རྣམ་གཉིས་ཀྱིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ཡོངས་ཀྱིས་ བཅའ་མར་གཏོགས་གནང་ནུག།
གཞུང་གི་ཁ་ཐུག་ལས་ བློན་ཆེན་གྱིས་ འགོ་ཁྲིད་ཐོག་ལས་ འཐུས་ཚབ་ཚུ་དང་ སྤྱི་ཚོགས་ཀྱི་འཐུས་མི་ དྲག་ཁག་གསུམ་གྱི་ དམག་སྡེའི་འགོ་འཛིན་ དེ་ལས་ རྒྱལ་སྤྱི་ལས་སྡེའི་ སྐུ་ཚབ་ཚུ་དང་ ཡབ་དྲགོས་གཤགས་མི་དང་ ཞལ་འདྲིས་ཡོད་མི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ཡང་ གུས་བཏུད་ཞུ་བར་ འཛོམས་ཡོདཔ་ཨིན་པས།


སྤུར་སྦྱང་གི་ གསུང་ཆོག་ཚུ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ གཞུང་དགེ་འདུན་གྲྭ་ཚང་གི་ དགེ་འདུནམ་ཚུ་གིས་ གནང་ཡོདཔ་ཨིན་པས།
ཡབ་དྲགོས་ཨྱོན་རྡོ་རྗེ་མཆོག་ དུས་ཅི་སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ཁོ་རའི་གཟིམ་ཅུང་ནང་སྦེ་ སྐུ་ཞི་བའི་ངང་ལུ་ གཤགས་ཡོདཔ་ད་ སྐུ་གདུང་དེ་ ཝ་ལ་ཁ་ལུ་ བཞག་པའི་སྐབས་ འབྲུག་མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ གུས་བཏུད་ཞུ་ཡོདཔ་ཨིན་པས།
ཡབ་དྲགོས་ཨྱོན་རྡོ་རྗེ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཡབ་མེས་ཨིནམ་ད་ ཚོང་འབྲེལ་འགོ་བཙུགས་མི་ གཙོ་བོ་ཅན་ཅིག་དང་ ཆོས་ཕྱོགས་ག་ཅིའི་ཐད་ལས་འབད་རུང་ སྐྱབས་འཛིན་པ་ཅིག་སྦེ་ ཆ་བཞག་མི་ ཡབ་མཆོག་གིས་ ཁོ་རའི་མི་ཚེ་ནང་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ལྷ་ཁང་དགོན་སྡེ་གསར་བཞེངས་དང་ ལྷ་ཁང་རྩ་ཅན་ལེ་ཤ་ཅིག་ར་ ཉམས་གསོ་ཞུ་སྟེ་ བཞུགས་ཡོདཔ་ཨིན་པས།
ཞིང་གཤགས་ཡབ་ཨྱོན་རྡོ་རྗེ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་༡༩༩༡ ལུ་ འབུ་རས་དམརཔོ་གནང་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *