འཛམ་གླིང་སྤྱི་ཚོགས་ཀྱིས་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཚུ་ལས་ ཕྱིར་འཐོན་འབད་ཚུགསཔ་བཟོ་ནི།

༉ འབྲུག་གིས་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་འཐོན་འབད་དགོ་པ་ཅིན་ རང་མགོ་རང་འདྲོངས་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དགོ་ནི་ཨིན་པས།
ཨིན་རུང་ འབྲུག་ལུ་ཡོད་མི་ ཡུ་ཨེན་ཌི་པི་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ འབྲུག་ལུ་ གྲོགས་རམ་འཕྲོ་མཐུད་འབད་ནི་ཨིནམ་བཞིན་དུ་ ཕྱིར་འཐོན་འབད་བའི་ཤུལ་ལས་ ཡུ་ཨེན་ཌི་པི་གིས་ འགན་ཁུར་བསྐྱར་བཟོ་འབད་ནི་ཨིན་པས།
འབྲུག་གི་དཔལ་འབྱོར་གནས་ཚད་དེ་ གཏན་ཏོག་ཏོ་མེདཔ་ལས་ ཡུ་ཨེན་ཌི་པི་གིས་ གྲོགས་རམ་འབད་མི་དེ་ ད་ལས་ཕར་ ཚོང་འབྲེལ་ལུ་ཁ་བསྒྱུར་འབད་དེ་ གྲོགས་རམ་འབད་ནི་ཨིན་པས།
གནད་དོན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ ངོ་ཚབ་ཀྱིས་ བརྡ་བརྒྱུད་དང་གཅིག་ཁར་ ཕྱད་པའི་སྐབས་ལུ་ བཤད་ཡོདཔ་ཨིན་པས།
དཔལ་འབྱོར་གྱི་ཉེན་ཁ་ཡོད་པའི་གནས་ཚད་དེ་ ཕྱིར་འཐོན་འབད་ནི་གི་ ཁྱད་ཚད་༣ གྱི་གྲས་ལས་༡ ཨིན་རུང་ འབྲུག་གིས་གཞན་མི་ཁྱད་ཚད་༢ མི་སྟོབས་རྒྱུ་དངོས་དང་ མི་རེའི་འོང་འབབ་གནས་ཚད་དེ་ གྲུབ་ཚུགས་ཡོདཔ་ཨིན་པས།
ཕྱིར་འཐོན་འབད་ནིའི་དོན་ལུ་ རྒྱལ་ཁབ་ཅིག་གིས་ བསྐྱར་ཞིབ་འབད་བའི་སྐབས་ ཁྱད་ཚད་༣ ལས་༢ ནང་ ཁྱད་ཚད་འགྲུབ་དགོཔ་ཨིནམ་ད་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ གནས་བཞུགས་མཉམ་འབྲེལ་བ་ གི་རཱལཌ་ ད་ལེ་གིས་ སླབ་མིའི་ནང་ ན་གཞོན་ཚུ་ མ་འོངས་པའི་ནང་ རང་མགོ་རང་འདྲོངས་ཐོག་ལས་ འགོ་ཁྲིདཔ་འབད་ཚུགསཔ་བཟོ་ནིའི་དོན་ལུ་ གཙུག་སྡེ་ཚུ་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ བརྡ་བརྒྱུད་དང་ མི་སྡེ་ལས་ཚོགས་ དེ་ལས་ སྒེར་གྱི་ལས་སྡེ་ཚུ་ཡང་ སྒྲིང་སྒྲི་བཟོ་དགོ་པས་ཟེར་ཨིན་པས།
གནས་བཞུགས་ངོ་ཚབ་འོགམ་ ཇུ་གེན་ ནཱག་ལར་གྱིས་ སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དོན་ལུ་ ལཱ་འབད་བའི་སྐབས་ ཚོང་འབྲེལ་གྱི་ ཞིབ་འཚོལ་འབད་འོང་ཟེར་ ཨིནམ་པས།
གི་རལ་གྱིས་ བཤད་མིའི་ནང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ རྒྱལ་ཡོངས་དམིགས་དོན་གཙོ་རིམ་ཚུ་ ཡུན་བརྟན་གོང་འཕེལ་དམིགས་དོན་ནང་ཡོདཔ་ལས་ དེ་ལུ་ དང་འདོད་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཚུ་ག་ར་ རྒྱལ་ཁབ་ཕྱུགཔོ་འགྱོཝ་ད་ ཁྱད་པར་བཟོ་ནིའི་གཞི་ཨིན་ཟེར་ ཁོ་གིས་ བཤད་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་གྱི་ བཱན་ད་ན་ ཇ་ཤི་གིས་ བཤད་མིའི་ནང་ ཡུན་བརྟན་གོང་འཕེལ་དམིགས་དོན་དེ་ ཨ་ལོའི་མནོ་ལུུགས་ཐོག་ལས་བལྟ་བ་ཅིན་ གྲུབ་འབྲས་ཡང་ དེ་ཅིག་ལེགས་ཤོམ་ མི་འཐོན་ཟེར་ཨིན་པས།
དཔེར་ན་ དབུལ་ཕོངས་མར་ཕབ་འབད་ནི་དེ་ རྒྱ་ཆེ་དྲགས་སྦེ་འབད་ཚུགས་རུང་ ཨ་ལུའི་དབུལ་ཕོངས་དེ་ གནས་ཚད་ལེགས་ཤོམ་ཅིག་མི་འོང་ཟེར་ མོ་གིས་བཤདཔ་ཨིན་པས།
ང་བཅས་ཀྱིས་ ན་གཞོན་ཚུ་གི་དོན་ལུ་ ཟད་འགྲོ་གཏང་བ་ཅིན་ གོང་འཕེལ་ཡང་ འདྲན་འདྲ་འབག་འོང་ཚུགས་ཟེར་ མོ་གིས་བཤད་པའི་ཁར་ དེ་ཚུ་འགྲུབ་ནི་དེ་ ལཱ་ཁག་ཅིག་མེན་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ གཞུང་གིས་མ་འོངས་པའི་དོན་ལུ་ ཐབས་བྱུས་བཏོན་ཐབས་ལུ་ ཆ་རོགས་འབད་དོ་ཡོདཔ་ད་ ལས་རིམ་དེ་གིས་ རྒྱལ་ཁབ་ནང་ དམངས་གཙོ་འགོ་བཙུགས་ཏེ་ ལོ་ངོ་༡༠འཁོར་བའི་སྙན་ཞུ་ནང་ ཇུ་གེན་ ནཱག་ལར་གྱིས་ བཤད་མིའི་ནང གཞུང་དང་གཅིག་ཁར་ མཉམ་འབྲེལ་ལེགས་ཤོམ་ འབད་དགོཔ་ཡོད་ཟེར་ཨིན་པས།
འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ ངོ་ཚབ་ལས་རོགསཔ་ ཕྱག་རྡོར་བསྟན་འཛིན་གྱིས་ སླབ་མིའི་ནང་ འབྲུག་གིས་ དཔལ་དབྱོར་ཉེན་ཁ་ཡོད་མི་དེ་ དམ་དམ་བཟོ་ནིའི་དོན་ལུ་ རང་བཞིན་སླར་འབྱུང་ལས་སྡེ་ནང་ འབད་དགོཔ་ལེ་ཤ་འདུག་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ལས་སྡེ་དེ་གིས་ མི་མང་ཤོས་ར་ དེ་ནང་ ལཱ་གཡོག་གི་གོ་སྐབས་ བྱིན་ཏེ་ཡོདཔ་ལས་ ཁེ་ཕན་སྦོམ་ཤོས་དེ་ནང་ལས་ འཐོབ་ཚུགས་ཟེར་ཨིནམ་ད་ ན་གཞོན་ཚུ་ཡང་ སོ་ནམ་ལཱ་ནང་ དང་འདོད་བསྐྱེད་བཅུག་དགོ་པ་ཅིན་ འཕྲུལ་རིག་ཐོག་ལས་ འབད་ནི་དེ་ཨིན་མས་ཟེར་བཤད་ཅི།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ངོ་ཚབ་ ཌོག་ཊར་ རུའི་ པའུ་ལོ་དི་ཇེ་སུསི་གིས་ བཤད་མིའི་ནང་ ལས་ཚོགས་ཀྱིས་ འབྲུག་གི་ཕྱིར་ཐོན་འབད་བའི་སྐབས་ ཁོང་གིས་ཡང་ ཞབས་ཏོག་གི་གྲོགས་རབ་འབད་ནི་ཡོད་མི་ལས་ སོ་སོར་ནང་ ཁ་བསྒྱུར་དོ་འོང་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་གྱི་ངོ་ཚབ་ ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ ལས་ཚོགས་ཀྱིས་ཡང་ འབྲུག་ལུ་གྲོགས་རམ་འཕྲོ་མཐུད་འབད་ནིའི་ འགན་ཁུར་ཡོད་ཟེར་ཨིནམ་ད་ མ་འོངས་པའི་ནང་ ལས་སྣ་ཚུ་ཡར་དྲག་གཏང་ནི་དང་ སྲིད་བྱུས་སྐོར་ལས་ གོ་བརྡ་སྤྲོད་ནིའི་ནང་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
རིག་གསར་གྱི་མ་དངུལ་གྱི་ གྲོགས་རམ།
ཕྱིར་ཐོན་འབད་བའི་སྐབས་ ཐད་ཀར་དུ་ གཞུང་འབྲེལ་གོང་འཕེལ་གྲོགས་རམ་ལུ་ ཐོ་ཕོགཔ་ཨིནམ་ལས་ གི་རལཌ་གིས་ སླབ་མིའི་ནང་ འབྲུག་གིས་ ཐབས་བྱུས་གསརཔ་བལྟ་དགོ་ཟེར་ ཨིན་པས།
ཁོ་གིས་བཤད་མིའི་ནང་ དེ་གི་དོན་ལུ་ ཐབས་ལམ་ཅིག་དེ་ ནང་འཁོད་ལས་ འོང་འབབ་བཟོ་སྟེ་ ཉེན་ཁ་ཡོད་མི་སྡེ་ཚན་ལུ་ ཁེ་ཕན་བྱིན་དགོ་ཟེར་ཨིནམ་ད་ དཔེར་ན་ ཆང་གི་རིགས་དང་ གུ་རམ་གྱི་རིགས་ཚུ་ལུ་ ཁྲལ་ཡར་སེང་འབད་དེ་ དེ་གིས་ ཁེ་ཕན་འཐོབ་ཚུགས་ཟེར་ཨིན་པས།
ཕྱིའི་མ་རྩ་ཐོན་ཁུངས་སྦོམ་ཤོས་དེ་ གནམ་གཤིས་མ་དངུལ་དེ་ཨིནམ་ལས་ ཁོ་གིས་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་གཉིས་ཀྱིས་ རྒྱལ་སྤྱི་གནམ་གཤིས་མ་དངུལ་ནང་ མ་རྩ་བཙུགས་ནིའི་དོན་ལུ་ དབྱེ་ཞིབ་འབད་དོ་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་གྲོགས་རམ་གྱིས་ གླ་འཁོར་༣༠༠གི་ཚབ་ལུ་ གློག་ཤུགས་སྣུམ་འཁོར་ཉོ་ནིའི་ནང་ གྲོགས་རམ་འབད་ནི་ཨིན་མི་དེ་ དཔེ་སྟོན་ཅིག་ཨིནམ་ད་ དེ་གི་དོན་ལུ་ རྒྱལ་སྤྱི་མི་སྡེ་གིས་ མ་དངུལ་གྱི་གྲོགས་རམ་འབད་དོ་ཡོདཔ་ད་ དེ་ཡང་ གླ་འཁོར་ཇོ་བདག་ཚུ་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྐྱིན་འགྲུལ་དེ་ ལོག་བཏབ་ཚུགས་ནི་མས་ཟེར་བ་ཅིན་ སྐྱིན་འགྲུལ་ལེན་ཆོག་ནི་ཨིན་པས།
ལས་རིམ་དེ་ཡང་ བཙོག་རླུང་མར་ཕབ་འབད་ནི་དང་ ས་སྣུམ་ནང་འདྲེན་མར་ཕབ་འབད་ནི་ དེ་ལས་ སྒེར་གྱི་ལས་སྡེ་ཚུ་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ཨིན་པས།
གཱི་རལཌ་གིས་ སླབ་མིའི་ནང་ ལས་སྣ་དེ་ཚུ་ག་ར་ རྒྱལ་སྤྱི་མི་སྡེ་དང་ ཁོང་གིས་འབད་བའི་ གྲུབ་འབྲས་ཨིན་ཟེར་ བཤད་ཡོདཔ་ད་ ཇུར་གེན་གྱིས་ཡང་ འཕྲལ་ཁམས་ཅིག་ཁར་ མི་མང་འཛོམས་བཀུག་ཐོག་ལས་ མ་དངུལ་གྱི་ གྲོགས་རམ་འཚོལ་མི་དེ་གིས་ཡང་ ཕན་ཐོགས་ཚུགས་ཟེར་ཨིན་པས།
བན་ད་ན་ ཇོ་ཤི་གིས་ སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཤེས་ཡོན་མ་དངུལ་གྱིས་ འབུ་ནི་མེད་པའི་ནད་གཞི་ ཐོབ་མི་ཚུ་ལུ་ སྨན་བཅོས་འབད་བའི་སྐབས་ ཟད་འགྲོ་མར་ཕབ་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་ ལྟ་དོ་ཟེར་ཨིནམ་ད་ མོ་གིས་སླབ་མིའི་ནང་ མ་དངུལ་གསོག་འཇོག་འབད་མི་དེ་གིས་ཡང་ མ་དངུལ་བཟོཝ་ཨིན་ཟེར་ བཤད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *