འཛམ་གླིང་ཟོར་ལུ་སྡོད་མི་ཚུ་གིས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་ ཐབས་ལམ་ཚུ་བཏོན་ཡོདཔ།

༉ རྩི་རང་ སྒོ་གསར་གླིང་རྒེད་འོག་གི་ འཛམ་གླིང་ཟོར་སྤྱི་འོག་ནང་ མི་རློབས་ཡར་སེང་སོང་ནི་དེ་གིས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ ཧེང་སྐལ་ར་ གནས་སྟངས་མར་ཉམས་འགྱོ་དོ་ཡོདཔ་ཨིན་པས།
ཁྱིམ་གུང་༥༢ ཀྱིས་ ཉེན་སྲུང་དང་ཡུན་བརྟན་ཅན་གྱི་ འཐུང་ཆུ་དགོ་པའི་སྐོར་ལས་ དབང་འཛིན་ཚུ་ལུ་ ཞུ་བ་འབད་མི་དེ་ ངོས་ལེན་མ་འབྱུང་བའི་ཤུལ་ལས་ ས་གནས་ཀྱི་མི་ཚུ་གིས་ ཁོང་རའི་ གནས་སྐབས་བཏོན་ཡོདཔ་ཨིན་པས།
དེ་ཡང་ ས་གནས་ཀྱི་མི་ཚུ་གིས་ འཐུང་ཆུ་ཡུན་བརྟན་སྦེ་ འཐོབ་ཚུགསཔ་བཟོ་ཐབས་ལུ་ མི་སྡེའི་ནང་ལས་ ཆུ་བདག་འཛིན་པ་ཅིག་ བསྐོ་བཞག་འབད་དེ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༨,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།
ཉིན་བསྟར་བཞིན་དུ་ ཁ་ར་ ནཱན་ཌ་གིས་ སྤྱི་འོག་གི་ ས་ཁོངས་ཁག་༤ ནང་བཀྲམ་མི་ ཆུ་དུང་༤ ནང་ ཆུ་བསྐོར་རྒྱབ་སྦེ་ བཏང་དོ་ཡོདཔ་ཨིན་པས།
ཆུ་མཛོད་ནང་ ཆུ་མེད་པ་ཅིན་ རྒེད་འོག་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ལམ་འགྱོ་དགོ་པའི་ ས་ཁར་ཡོད་མི་ ཆུའི་རྐ་ ནང་ འགྱོ་དོ་ཡོདཔ་ད་ ང་གིས་ ཆུ་རྐ་ལུ་ དྲོ་པའི་ཆུ་ཚོད་༦ ལས་འགྱོ་བ་ཅིན་ ཉིན་མ་ཁམས་ཅིག་ཁར་ ལྷོད་ཚུགས་པས་ ཟེར་ ཁོ་གིས་སླབ་ཨིན་པས།
ཉམས་བཅོས་ཀྱི་ལཱ་ སྦོམ་འབད་དགོཔ་འཐོན་པ་ཅིན་ གཡུས་མི་ཚུ་གིས་ ཁོ་ལུ་ ཆ་རོགས་འབད་དོ་ཡོདཔ་ད་ ཆུ་རྐ་དེ་ དཀྱིལ་འཁོར་ཐང་རྒེད་འོག་ལས་ ཀི་ལོ་མི་ཊར་༡༤ གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་པས།
ཁ་ར་ ནཱན་ཌ་གིས་ ལཱ་དེ་ལུ་ སེམས་ཤུགས་བསྐྱེད་དེ་འབད་དོ་ཡོདཔ་ད་ དེ་མིན་ གཡུས་མི་ཚུ་ལས་ ཉོགས་བཤད་གྱངས་ཁ་མེདཔ་ཅིག་ ལྷོད་དོ་ཡོདཔ་ཨིན་པས།
ང་ལུ་ བརྒྱུད་འཕྲིན་ལྷོད་ནི་མེད་ཟེར་ཨིནམ་ད་ དཀའ་ངལ་སྦོམ་ཡོད་པ་ཅིན་ ཁྲི་འཛིན་དང་འབྲེལ་བ་འཐབ་ནི་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ སྤྱི་ལོ་༢༠༡༣ ཚུན་ ཁོ་གི་དངུལ་ཕོགས་དེ་ དངུལ་ཀྲམ་༣,༠༠༠ ལས་མེད་མི་དེ་ ཡར་སེང་འབད་བྱིན་མི་ལུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ པདྨ་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ ཐབས་ཤེས་དེ་བཟུམ་བཏོན་མི་དེ་གིས་ ད་ཚུན་ ལེགས་ཤོམ་སོང་སྟེ་ཡོད་ཟེར་ཨིན་པས།
ང་བཅས་ཚུ་གིས་ ནུབ་མོའི་ཆུ་ཚོད་༢ ཚུན་ ཆུ་ཐོབ་དོ་ཡོདཔ་ལས་ དེ་བསྒང་ གསོག་འཇོག་འབད་དེ་ བཞག་དོ་ཡོདཔ་ལས་ སྟབས་བདེ་བས་ཟེར་ མོ་གིས་སླབ་ཨིན་རུང་ སོ་ནམ་ལཱ་གི་དོན་ལུ་ ལང་མི་ཚུགས་དོ་ཡོདཔ་ཨིན་པས།
རཱམ་བྷ་དུར་ ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ཆུའི་དཀའ་ངལ་དེ་ ཚབས་ཆེན་སྦེ་ར་ཡོད་ཟེར་ཨིནམ་ད་ ཆུ་ལས་བརྟེན་ འཕྲལ་འཕྲལ་སྐབས་ ཁྱིམ་ཚང་ཚུ་གི་བར་ན་ ཁ་ཤགས་ཡང་ རྐྱབ་དགོཔ་བྱུངམ་མས་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོད་བསྲེ་འཛུགས་སྐྱོང་འབདཝ་ད་ ཆུ་མ་ལང་ནི་དེ་གིས་ ལཱ་ཁག་འདུག་ཟེར་ཨིནམ་ད་ སྡེ་ཚན་གྱི་ཁྲི་འཛིན་ དཱན་ཀུ་མར་ ནིའོ་པ་ནི་གི་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་གསརཔ་འབད་མི་དང་ མི་རློབས་ཡར་སེང་སོང་ནི་དེ་གིས་ ཁང་གླ་ཁར་ སྡོད་མི་ཚུ་ལུ་བརྟེན་ ཧེ་མ་ལས་ སྐམ་སྟེ་ཡོད་མི་ཆུ་རྐ་ལུ་ འབྱེམ་ཕོག་སྟེ་ཡོད་ཟེར་ཨིན་པས།
འདས་པའི་ལོ་ དག་པ་ཅིག་གི་ཧེ་མར་ ཁྱིམ་གུང་༤༠ ལས་མེདཔ་ད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ འཆར་དངུལ་མེདཔ་ལས་ ཐབས་ལམ་གསརཔ་དེ་ འབད་ཐབས་མ་འབྱུང་རུང་ ལོ་ཐོག་དང་ ཚོད་བསྲེ་གི་དོན་ལུ་ ཆུ་དགོཔ་ལས་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
རྒེད་འོག་གིས་ འཆར་དངུལ་ཆ་འཇོག་འབད་བ་ཅིན་ པད་ཚལ་གླིང་རྒེད་འོག་ནང་ ཆུ་རྐ་གསརཔ་ཡོད་ཟེར་ཨིནམ་ད་ འཛམ་གླིང་ཟོར་སྤྱི་འོག་གི་ངོ་ཚབ་ ཊི་ཀ་རཱམ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཉེ་འདབས་ལས་ཕར་ ཆུ་རྐ་མིན་འདུག་ཟེར་ཨིན་པས།
རྒེད་འོག་གཞན་ཁ་ལས་ ཆུ་རྐ་འཐེན་ནི་དེ་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ད་ ཆུ་རྐ་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་ གནས་ནི་ཨིནམ་ད་ རྒེད་འོག་གིས་ སང་ཕོད་ཀྱི་ ལོ་ནང་ལས་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་ཀྱི་ འཆར་གཞི་ འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *