འཛམ་གླིང་དངུལ་ཁང་གིས་ ནགས་ཚལ་ལས་སྡེ་ བཀོལ་སྤྱོད་མ་འབད་བའི་མངོན་གསལ།

༉ འབྲུག་འདི་ ནགས་ཚལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིན་རུང་ ད་རེས་ ནགས་ཚལ་ཡོངས་བསྡོམ་ལས་ བརྒྱ་ཆ་༥ རྐྱངམ་གཅིག་ ཚོང་འབྲེལ་འཛིན་སྐྱོང་གི་དོན་ལུ་ ལག་ལེན་འཐབ་མི་ལུ་བརྟེན་ ནགས་ཚལ་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ ནང་འདྲེན་འབད་དགོཔ་ བྱུངམ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འཛམ་གླིང་དངུལ་ཁང་གིས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ནགས་ཚལ་ལས་སྡེ་ གལ་ཅན་སྦེ་ བརྩི་འཇོག་འབད་དེ་ གཞི་བཙུགས་འབད་ཡོད་རུང་ དཔལ་འབྱོར་ལས་སྡེ་ནང་ བཀོལ་སྤྱོད་ཚུལ་ལྡན་མ་འབད་བའི་ མངོན་གསལ་བྱུང་ནུག།
འབྲུག་རྒྱལ་ཡོངས་ཀྱི་ རྩིས་ཁྲ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ དང་༢༠༡༧ ལུ་ ནགས་ཚལ་ལུ་བརྟེན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་༢.༩ དང་༢.༤ ལས་བརྒལ་ ལྷན་ཐབས་མ་འབད་ཚུགས་པས།
ཤིང་དུམ་དང་ ཐབ་ཤིང་ཚུ་ ཚོང་འབྲེལ་གྱི་དོན་ལུ་ བཀྲམ་སྤེལ་འབད་མི་ གཙོ་ཅན་ཅིག་ཨིན་མི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ ནགས་ཚལ་དང་འབྲེལ་བའི་ ལས་སྣ་བརྒྱ་ཆ་༨༠ དེ་ཅིག་ འབད་དོ་ཡོདཔ་ཨིན་པས།
དེ་ལས་ མི་སྡེ་ནགས་ཚལ་སྡེ་ཚན་གྱིས་ བརྒྱ་ཆ་༣ དང་ གྲོང་གསེབ་མི་སེར་ཚུ་གིས་ ནགས་ཚལ་ལག་ལེན་འཐབ་ཐོག་ལས་ བརྒྱ་ཆ་༧ ལྷན་ཐབས་འབད་དོ་ ཡོདཔ་ཨིན་པས།
འབྲུག་གི་ནགས་ཚལ་སྲིད་བྱུས་ནང་ མཐའ་འཁོར་གནས་སྟངས་ཀྱི་ ཁེ་ཕན་ཚུ་ གཙོ་རིམ་བཟུང་སྟེ་ ཡོད་མིའི་ཐད་ལུ་ འཛམ་གླིང་དངུལ་ཁང་དང་འཁྲིལཝ་ད་ ཡུན་བརྟན་ནགས་ཚལ་འཛིན་སྐྱོང་དང་ མཐའ་འཁོར་ཉམས་སྲུང་དང་དཔལ་འབྱོར་གོང་འཕེལ་གྱི་ དམིགས་ཡུལ་ཚུ་གི་བར་ན་ འདྲ་མཉམ་སྦེ་ ཐབས་ལམ་ཚུ་ བཏོན་ཏེ་འདུག་ཟེར་ཨིན་པས།
ཡུན་བརྟན་ནགས་ཚལ་འཛིན་སྐྱོང་གིས་ གནམ་གཤིས་འགྱུར་བགྲོད་ལས་ བཀག་ཐབས་དང་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་བརྩིས་ཏེ་ འབྲུག་གི་དཔལ་འབྱོར་ཡར་དྲག་དང་ མིའི་འཚོ་ཐབས་སྒྲིང་སྒྲི་ དེ་ལས་ འཛམ་གླིང་རང་བཞིན་གནས་སྟངས་ཀྱི་ གཞི་རྟེན་ཚུ་ འཐོབ་ཚུགས་ནི་ཨིན་པས།
འབྲུག་གི་ནགས་ཚལ་ལས་སྡེ་ཐོན་སྐྱེད་ ཡར་དྲག་གཏང་ནིའི་དོན་ལུ་ ནགས་ཚལ་དང་འབྲེལ་བའི་ ཚོང་འབྲེལ་ཆུང་བ་དང་ བར་མ་ཚུ་ གཞི་བཙུགས་འབད་ཐོག་ལས་ ཤིང་ཆས་དང་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་གཡོག་གི་ གོ་སྐབས་གསརཔ་བཟོ་ནི་ཚུ་ གོང་འཕེལ་གཏང་དགོཔ་ཨིན་པས།
དེ་གིས་ ལཱ་གཡོག་དང་ འོང་འབབ་བཟོ་ནི་ དེ་ལས་ དམིགས་བསལ་དུ་ གྲོང་གསེབ་དང་ ཁྲོམ་སྡེ་ཚུ་ནང་ འོང་འབབ་བཟོ་བའི་ ཐོན་ཁུངས་ཅིག་ལུ་ འགྱུར་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ནགས་ཚལ་ལས་སྡེ་ནང་ ནགས་ཚལ་དང་འབྲེལ་བའི་ ཚོང་འབྲེལ་ལུ་ མ་རྩ་བཙུགས་ནི་དང་ ནགས་ཚལ་གྱི་ཁྱབ་ཚད་ བརྒྱ་ཆ་༦༠ བཞག་ནི་གི་ དམིགས་གཏད་ལུ་ བར་ཆད་མ་རྐྱབ་པར་ ཤིང་ཆས་དང་ ཤིང་ཆས་མིན་པའི་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་དགོཔ་སྦེ་ འཛམ་གླིང་དངུལ་ཁང་གིས་ གྲོས་འདེབས་བཀོད་ནུག།
སྔོ་ཚལ་དང་འབྲེལ་བའི་ ཐོན་རླུང་གི་ཅ་ཆས་ ལྕགས་དང་ ཤིང་ལག་ལེན་གྱི་ཚབ་སྦེ་ འབྲུག་གིས་ ཤིང་ཚབ་འཕྲུལ་ཆས་ཚུ་ལུ་ མ་རྩ་མངམ་སྦེ་ བཙུགས་ནི་ཨིནམ་ད་ གལ་སྲིད་ ཤིང་དང་འབྲེལ་བའི་འཕྲུལ་རིག་ ལག་ལེན་འཐབ་པ་ཅིན་ མི་ཚེ་གཅིགཔོ་ ནག་རྫས་ཀར་བཱོན་དེ་ བསགས་སྡོད་ནི་ཨིན་པས།
དེ་དང་འཁྲིལ་ཏེ་ ཡུན་བརྟན་ནགས་ཚལ་འཛིན་སྐྱོང་གིས་ ཡུན་བརྟན་བསྡུ་གསོག་ གནས་ཚད་ཀྱི་ནང་འཁོད་ལུ་ ཤིང་ཆས་བསྡུ་གསོག་ཚད་གཞི་ཡར་སེང་འབད་ནི་དང་ ནགས་ཚལ་དང་འབྲེལ་བའི་ བཟོ་གྲྭ་ཁང་ གོང་འཕེལ་གཏང་ནི་ ཤིང་ལག་ལེན་བཟོ་སྐྲུན་ཅ་ཆས་ དེ་ལས་ ཤིང་བཟོ་རིག་དང་ བཟོ་བཀོད་མཁས་མཆོག་ ལྕོགས་གྲུབ་ཅན་བཟོ་ནིའི་ནང་ གོ་སྐབས་བྱིན་ནི་ཨིན་པས།
ཡུན་བརྟན་ནགས་ཚལ་འཛིན་སྐྱོང་གི་ ཡུན་རིང་གོ་སྐབས་ནང་ སོལ་མོ་ཐོན་སྐྱེད་འབད་ནི་ སྤུས་ཚད་ཅན་གྱི་ ནང་ཆས་བཟོ་གྲྭ་ཁང་ ཤིང་ཆས་ཡོངས་འབྲེལ་ དེ་ལས་ ཤིང་ཆས་མིན་པའི་ ཐོན་སྐྱེད་རིན་བསྡུར་ ལམ་ལུགས་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ཨིན་རུང་ ཡུན་བརྟན་ནགས་ཚལ་འཛིན་སྐྱོང་འབད་ནི་ལུ་ ལྕོགས་གྲུབ་དང་ འཕྲུལ་ཆས་མ་ལང་པའི་ དཀའ་ངལ་ཡོད་པའི་ཁར་ ནགས་ཚལ་དང་འབྲེལ་བའི་ བཟོ་གྲྭ་ཁང་ནང་ རིག་རྩལ་ཅན་གྱི་ ལས་མི་དང་ མ་དངུལ་མ་ལང་པའི་ གདོང་ལེན་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།
ནགས་ཚལ་དེ་ བཀོལ་སྤྱོད་ཀྱི་དོན་ལུ་ བསྒྱུར་བཅོས་འབད་མི ཡར་སེང་སོང་མི་དེ་ གཞུང་ལུ་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ཨིནམ་ད་ མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ དང་༢༠༡༤ ལུ་ གཞུང་གིས་ གསོག་འཇོག་འབད་བཞག་མི་ ནགས་ཚལ་ཨེ་ཀར་༢༣,༣༠༠ དེ་ གློག་མེ་བཀྲམ་སྤེལ་རྒྱུན་ཐག་ སྤྲིངས་པའི་སྐབས་ མེདཔ་བཏང་ཡོད་པའི་ཁར་ སོ་ནམ་ཞིང་ལམ་སེལཝ་ད་ ས་ཆ་ཨེ་ཀར་༡༣,༥༠༠ དང་ ཡུན་རིང་ས་ཆ་ ལག་ལེན་ནང་ ནགས་ཚལ་ཨེ་ཀར་༡༢,༩༠༠ དེ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ གཞུང་གི་ས་ཆ་ ཨེ་ཀར་༣༧༨ དེ་ ཉེན་སྲུང་གི་ ས་ཁོངས་སྦེ་ བགོ་བཀྲམ་འབད་ཡོདཔ་ད་ ཨེ་ཀར་༦.༣༠ གོང་འཕེལ་གྱི་དོན་ལུ་ ལག་ལེན་འཐབ་ ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *