འབྲུག་ལྷ་ཡུལ་(ཁེན་ཇར་ཧོནམོ་)དང་ སྒོ་མོ་སྡེ་ཚན་གྱི་བར་ རྩེད་འགྲན་འབད་བའི་བསྒང་།

འབྲུག་ལྷ་ཡུལ་སྡེ་ཚན་གྱིས་ སྒོ་མོ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ འབྲུག་ལྷ་ཡུལ་གྱིས་ སྒོ་མོ་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་མི་དེ་ ད་ལྟོ་ཚུན་ སྡེ་ཚན་༣ དང་རྩེད་འགྲན་འབདཝ་ད་ འགོ་དང་པ་ཨིནམ་བཞིན་དུ་ སྐུགས་༤ ཐོབ་ཡོདཔ་ཨིན་པས།

དེ་ཡང་ སྤུ་ན་ཁ་ ཨྱོན་རིག་པ་འབྱུང་གནས་ཕུཊ༌བཱོལ་རྩེད་ཐང་སྦེ་ ཁ་ཙ་ རྩེད་འགྲན་འབད་ཡོདཔ་ད་ སྒོ་མོ་སྡེ་ཚན་གྱིས་ གཱོལ་༡ བཙུགས་མི་དེ་ རྩེད་འགྲན་མཇུག་བསྡུ་ནི་འབད་བའི་སྐབས་ འཇིགས་མེད་བསྟན་འཛིན་གྱིས་ གཱོལ་བཙུགས་ཡོདཔ་ཨིན་པས། 

ད་ལྟོ་ཚུན་ སྒོ་མོ་ཨེཕ་སི་སྡེ་ཚན་གྱིས་ རྩེད་འགྲན་སྡེ་ཚན་༣ དང་འགྲན་བསྡུར་འབད་ཡོད་རུང་ སྡེ་ཚན་ཕུད་རྡོག་གཅིག་ལས་ཡང་ རྒྱལ་ཁ་འཐོབ་མ་ཚུགསཔ་ལས་ སྐུགས་༡ ཡང་ འཐོབ་མ་ཚུགས་པས།

འབྲུག་ལྷ་ཡུལ་གྱིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་བཙུགས་ནིའི་ གོ་སྐབས་ལེ་ཤ་ཐོབ་ཡོདཔ་བཞིན་དུ་ སྒོ་མོ་གིས་ ཚར་༨ གོ་སྐབས་ཐོབ་རུང་ བཱོལ་བཟུང་མི་ ཀི་པར་གྱིས་ གཱོལ་བཏང་མ་བཏུབ་ལས་ ཕམ་སོཔ་ཨིན་པས།

སྡེ་ཚན་༢ ཆ་ར་ བུ་ཊཱན་ པེ་རི་མི་ཡར་ལིག་ནང་ རྩེད་འགྲན་འབད་ནིའི་གོ་སྐབས་དེ་ འགོ་དང་པ་ གྲལ་གཏོགས་འབད་ཡོདཔ་ད་ གོ་མོ་སྡེ་ཚན་དེ་ སྤུ་ན་ཁ་རྫོང་ཁག་ནང་འཁོད་རྩེད་འགྲན་འབདཝ་ད་ རྒྱལ་ཁ་ཐོབ་མི་དང་ འབྲུག་ལྷ་ཡུལ་དེ་ ཐིམ་ཕུག་རྫོང་ཁག་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ལས་ གོ་སྐབས་ཐོབ་ཡོདཔ་ཨིན་པས།

མ་གཞི་ ཐིམ་ཕུག་སི་ཊི་དང་ སྤ་རོ་ཨེཕ་སི་ དེ་ལས་ ཊཱངསི་ཕོཊ་ཡུ་ནའེ་ཊེཊ༌སྡེ་ཚན་༣ གྱི་བར་ན་ སྐུགས་༦ འདྲན་འདྲ་ཐོབ་རུང་ ཐིམ་ཕུག་སི་ཊི་གི་ཤུལ་ལས་ སྤ་རོ་ཨེཕ་སི་གིས་ གཱོལ་མངམ་གཱོལ་བཙུགས་ཡོདཔ་ད་ ད་ལྟོ་ ཐིམ་ཕུག་སི་ཊི་ཨང་དང་པ་དང་ སྤ་རོ་ཨེཕ་སི་ ཨང་༢ པ་དེ་ལས་ ཨང་༣ པ་དེ་ ཊཱནསི་ཕོཊ་ཡུ་ནའེ་ཊེཊ༌སྡེ་ཚན་ཨིན་པས།

ནངས་པར་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ཨང་༡ པ་དང་༢ པ་ཐོན་མི་ སྡེ་ཚན་༢ ཀྱི་བར་ན་ ཕྱི་རུའི་ཆུ་ཚོད་༦ ལས་ དོ་འགྲན་འབད་ནི་དང་ དེ་གི་ཤུལ་ལས་ བསྟན་སྲུང་ཨེཕ་སི་དང་ རིན་སྤུངས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།

དུས་ཅི་གི་ འབྲུག་གི་དངུལ་ཁང་གི་ བུ་ཊཱན་པི་མི་ཡར་ལིག་རྩེད་འགྲན་ནང་ སྡེ་ཚན་༡༠ གྱིས་ གྲལ་གཏོགས་འབད་ཡོདཔ་ད་ ད་རེས་ནངས་པར་ རྩེད་འགྲན་འབད་བའི་བསྒང་ཡོད་མི་དེ་ ལིག་སྐོར་ཐེངས་༢ པ་ཨིན་པས།

རྩེད་འགྲན་དེ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *