འབྲུག་དང་ ཇར་མཱན་ཧི་མ་ལ་ཡ་མི་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

འབྲུག་ལུ་ ནང་པའི་ཆོས་ལུགས་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ།

༉ བ་རཱ་སིལ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འབྲུག་དང་ ཇར་མཱན་ཧི་མ་ལ་ཡ་མི་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འཚོགས་ཅི་ཟེར་ཨིན་པས།
འབྲུག་དང་ ཇར་མཱན་ཧི་མ་ལ་ཡ་མི་སྡེ་དང་ ནང་པའི་མཁས་མཆོག་ གི་རི་གོར་ ཝར་ཧུ་ཕེན་ ནང་པའི་སློབ་སྦྱོང་དང་ སྒོམ་སྡེ་ལས་ ཀ་མ་ལསི་ཧི་ལ་གི་ བླམ་སྐལ་བཟང་དང་ ཡུ་རོ་པི་ཡཱན་གཙུག་ལག་སློབ་སྡེ་ནང་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་མི་ བསམ་གཏན་ཡེ་ཤེས་གསུམ་གྱིས་ འབྲུག་ལུ་ ནང་པའི་ཆོས་ལུགས་ཚུ་ ཧེ་མ་དང་ ད་རེས་ཀྱི་བར་ན་ ཁྱད་པར་ག་དེ་སྦེ་ར་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།
འབྲུག་དང་ ཇར་མཱན་ཧི་མ་ལ་ཡ་མི་སྡེའི་གཙོ་འཛིན་ དགེ་བཤེས་མན་ཕི་རིཌ་ ཇར་ནར་གྱིས་ཡང་ ད་ལྟོ་ བུམ་ཐང་སྟང་མེ་འབར་མཚོ་ལུ་ ལས་འགུལ་འགོ་བཙུགས་ཡོད་པའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ ལས་རིམ་དེ་ནང་ འབྲུག་གི་གཞུང་ཚབ་ པདྨ་ཆོས་སྒྲོན་དང་ གཞན་ཡང་ གཞུང་ཚབ་ཡིག་ཚང་ནང་ ལཱ་འབད་མི་འགོ་དཔོན་ཚུ་ ལྷོ་ཇར་མ་ནི་ལུ་ཡོད་མི་ འབྲུག་གི་ཕྱི་འབྲེལ་དོན་གཅོདཔ་ ཌོག་ཊར་འུལཕ་གང་པིའི་ཕར་ དེ་ལས་ དོན་གཅོདཔ་བགྲེསཔ་ ཌོག་ཊར་ མན་ཕེ་རིཌ་ ཀུལ་སི་ས་དང་ཡིག་ཚང་གི་ ལས་བྱེདཔ་གཞན་ཚུ་གིས་ བཅའ་མར་གཏོགས་ཅི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
འབྲུག་དང་ ཇར་མཱན་ཧི་མ་ལ་ཡ་མི་སྡེ་དེ་ སྤྱི་ལོ་༡༩༨༤ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ཡོད་མི་འཐུས་མི་ཚུ་ཡང་ འབྲུག་ལུ་སྡོད་དེ་ ལཱ་འབད་མི་དང་ འབྲུག་ལུ་སྡོད་མི་ ཇར་མ་ནི་གི་ མི་ཁུངས་ཚུ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *