ཁ་ཙ་ ཌེན་མཱག་ལས་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་ཐུན་ཚད་༡༢༡,༩༠༠ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ལྷོད་པའི་ཤུལ་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ སྨན་ཁབ་ཀྱི་དོས་ཚུ་ལུ་ ཁྲུས་གསོལ་གནང་ནུག།

འབྲུག་ལུ་ ཀོ་བིཌ་-༡༩ འི་སྨན་ཁབ་མངམ་ལྷོད་ཡོདཔ།

༉ འབྲུག་གཞུང་གིས་ སྤྱི་ཟླ་༧ པའི་ཚེས་༢༠ ལས་ མི་མང་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལས་རིམ་ཐེངས་༢ པ་ འགོ་བཙུགས་ནིའི་ གསལ་བསྒྲགས་འབདཝ་བཞིན་དུ་ སྨན་ཁབ་ཚུ་ཡང་ རྒྱལ་ཁབ་ནང་ གཅིག་ཤུལ་གཉིས་ཤུལ་སྦེ་ལྷོད་ནི་ འགོ་བཙུགས་ཅི།

དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ ཨེ་མི་རི་ཀ་(ཡུ་ཨེསི་ཨེ) ལས་ མོ་ཌར་ན་སྨན་ཁབ་ཐུན་ཚད་༥༠༠,༠༠༠ ལྷོད་པའི་ཤུལ་ལུ་ ཁ་ཙ་ ཌེན་མཱག་ལས་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་ཐུན་ཚད་༡༢༡,༩༠༠ ལྷོད་ཅི།

ཁ་ཙ་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ རྒྱལ་ཁབ་ཀྱིས་ ད་རུང་ ཀོ་རོ་ཤི་ཡ་དང་ བཱལ་ག་རི་ཡ་ དེ་ལས་ རྒྱལ་ཁབ་གཞན་དག་པ་ཅིག་ལས་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་ཐུན་ཚད་༡༠༠,༠༠༠ འཐོབ་འོང་ཟེར་བཀོད་ནུག།

གྲོགས་རམ་སྦེ་ འཐོབ་ནི་ཨིན་མི་ སྨན་ཁབ་གཞན་ཚུ་ཡང་ ཀོ་བེགསི་ཟོན་སྐྱེད་ལས་སྡེ་ལས་ ཕའི་ཟར་སྨན་ཁབ་ཐུན་ཚད་༥,༨༥༠ དང་ རྒྱ་ནག་རྒྱལ་ཁབ་ལས་ སི་ནོ་ཕརམསྨན་ཁབ་ཐུན་ཚད་༥༠,༠༠༠ འཐོབ་ནི་ཨིན་པས།

ད་རུང་ གཞུང་གིས་ ཕའི་ཟར་སྨན་ཁབ་ཐུན་ཚད་༢༠༠,༠༠༠ མཁོ་མངགས་འབད་མི་དེ་ དུས་ཅིའི་ལོ་རྫོགས་ཁམས་ཅིག་ཁར་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ནད་ཡམས་ཀྱི་ སྨན་ཁབ་ཚུ་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་པའི་ དུས་ཚོད་ནང་ རྒྱལ་སྤྱི་རྒྱལ་ཁབ་ཚུ་ལས་ འབྲུག་ལུ་ རྒྱབ་སྐྱོར་འབད་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ བཀོད་གནང་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *