འབྲུག་ལུ་ཡིད་ཆེས་རུང་བའི་ པར་རིས་བརྗོད་དོན་ནང་ ག་ཅི་ར་ཡོདཔ་ཨིན་ན?

༉ འབྲུག་ལུ་ ཡིད་ཆེས་རུང་བའི་བརྗོད་དོན་ཐོག་ལུ་ པར་རིས་གསརཔ་གསལ་སྟོན་འབད་མིའི་ནང་ འབྲུག་པའི་ལམ་སྲོལ་གྱི་ ངོ་རྟགས་དང་ལྡན་པའི་ བཟོ་རིགས་བཅུ་གསུམ་ལ་སོགས་པའི་པར་རིས་ བཀོད་དེ་ཡོད་མི་ཚུ་ ན་གཞོན་ཚུ་གི་ དུས་ཚོད་བརྒྱུད་ དེ་ གསལ་སྟོན་འབད་ནིའི་ དམིགས་གཏད་ཨིན་པས།

འབྲུག་ལྟ་བཤལ་ཚོགས་སྡེའི་ ཚོང་འབྲེལ་འགོ་དཔོན་གཙོ་འཛིན་ ཀཱ་རིས་ས་ནི་མཱ་གིས་ འབྲུག་ལུ་ ན་གཞོན་གྱི་མི་རློབས་དེ་ མཐོ་སུ་ཡོདཔ་ལས་ ནད་ཡམས་ཀྱི་ དུས་ཚོད་སྐབས་ལུ་ཡང་ བདེ་སྲུངཔ་རིག་རྩལ་ལས་རིམ་དང་ གཞན་ལས་འགུལ་ཚུའི་ཐོག་ལས་ ན་གཞོན་ཚུ་གིས་ གྲལ་གཏོགས་འབད་དེ་ཡོད་ཟེར་ མོ་གིས་བཤད་ཅི།

མོ་གིས་སླབ་མིའི་ནང་ ད་རིས་ལས་ ས་མཚམས་སྒོ་ར་ཚུ་ ལོག་སྒོ་ཕྱེས་མི་དང་འབྲེལ་ ནང་འཁོད་དང་ རྒྱལ་སྤྱིའི་ནང་ ཚོང་བསྒྲགས་འབད་ནི་ འགོ་བཙུགས་འོང་ཟེར་ཨིནམ་ད་ བརྗོད་དོན་དང་མཐུན་པའི་ པར་རིས་དེ་ཡང་ ཡོངས་གྲགས་འགྱོ་འོང་ཟེར་ཨིན་པས།

པར་རིས་ཚུ་ཡང་ ལགཔ་གིས་བྲིས་མི་ཚུ་ཡོད་པའི་ཁར་ ལེགས་ཤོམ་སྦེ་ མཐོང་ནིའི་དོན་ལུ་ འཕྲུལ་རིག་ཚུ་ ལག་ལེན་འཐབ་སྟེ་ བཟོ་བཀོད་འབད་དེ་ཡོདཔ་ཨིན་པས།

པར་རིས་དེ་ནང་ འཇིགས་སྣང་ཅན་གྱི་སེམས་ཅན་ འབྲུག་པའི་ལམ་སྲོལ་དང་ ངོ་རྟགས་ཡོད་མི་ སྟག་དང་ སེངྒེ་ དེ་ལས་ བྱ་ཁྱུང་ལ་སོགས་པ་ཚུ་ བྲིས་ཏེ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འབྲུག་པའི་རྒྱལ་དར་དང་ རྒྱལ་ཁབ་དང་ གྲྭ་ཚང་གི་ ངོ་རྟགས་སྟོན་ནིའི་དོན་ལུ་ ཚོས་གཞི་སེརཔོ་དང་ ལི་ཝང་བཙུགས་ཏེ་ཡོདཔ་ད་ ནམ་མཁའ་དང་ འབྲུག་པའི་ས་ཆའི་ཚུལ་ལུ་ ཚོས་གཞི་ཧོནམོ་ཡོད་པའི་ཁར་ པར་ཚུ་བཏབ་ནིའི་དོན་ལུ་ ལས་འགུལ་ནང་ གྲལ་གཏོགས་འབད་མི་ཚུ་ ཤར་ཕྱོགས་རྫོང་ཁག་དང་ ལྷོ་ཁ་ཐུག་གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ སོང་ ཡོདཔ་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ བརྗོད་དོན་དེ་ འགོ་འབྱེད་འབད་བའི་སྐབས་ འབྲུག་པའི་མི་སྡེ་དེ་ དགའ་ཉམས་དང་ལྡན་པའི་ཐོག་ལུ་སྡོད་མི་ མི་སྡེ་ཅིག་ཨིན་པའི་ཁར་ ད་ལས་ཕར་ ང་བཅས་ཀྱི་མི་སྡེ་དེ་ རིན་ཐང་ཆེ་བ་ཨིནམ་སྦེ་ བཟོ་དགོ་ཟེར་ གསུངས་ཡོདཔ་ཨིན་པས།

འབྲུག་ལུ་འོང་མི་ ལྟ་བཤལཔ་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཡང་ ཉིནམ་རེ་ལུ་ ཡུ་ཨེས་ཌོ་ལར་༦༥ ལས་༢༠༠ ལུ་ ཡར་སེང་འབད་ཡོད་མི་དེ་ འབྲུག་པའི་དཔལ་འབྱོར་དང་མི་སྡེ་ རང་བཞིན་གནས་སྟངས་དང་ ལམ་སྲོལ་གོང་འཕེལ་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

འཐུས་ལ་ལོ་ཅིག་ ལྟ་བཤལཔ་ཚུ་ འགྱོ་སའི་ས་ཁོངས་ཚུ་ གོང་འཕེལ་གཏང་ནི་དང་ ལཱ་འབད་མི་ཚུ་གི་ ཉམས་མྱོང་ཡར་ དྲག་གཏང་ནི་ དེ་ལས་ ཤིང་བཙུགས་ནི་ལ་སོགས་པའི་དོན་ལུ་ ཟད་འགྲོ་སྦེ་གཏང་ནི་ཨིན་པས།

འབྲུག་ལྟ་བཤལ་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཚོད་དེ་ སོར་སྒྱུར་ འབད་ནིའི་ གོ་སྐབས་ཅིག་ཨིན་ཟེར་བཤད་ཅི།

ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ཡུན་བརྟན་གོང་འཕེལ་འཐུས་ལེནམ་ད་ ལྟ་བཤལཔ་ཚུ་གིས་འབད་རུང་ རེ་བ་བསྐྱེད་ནི་ཨིནམ་ལས་ དེ་དང་བསྟུན་པའི་ མགྱོནམ་ཚུ་ལུ་ ཉམས་མྱོང་འཐོབ་ཚུགསཔ་བཟོ་ནིའི་ ཁས་བླངས་ཡོད་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *