བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་་མཆོག་ ན་གཞོན་དྲག་ཤོས་ཀྱི་ རྟགས་མ་ཐོབ་མི་ དཔལ་ལྡན་ཚེ་རིང་དབྱངས་ཅན་དང་ལྷན་བཞུགས།

འབྲུག་རྒྱལ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་གིས་ ན་གཞོན་དྲག་ཤོས་ཀྱི་ རྟགས་མ་ཐོབ་ཡོདཔ།

༉ ཐིམ་ཕུག་ལུ་ གཱོལ་ཌེན་ཡུཐི་ཟེར་ ན་གཞོན་བསླབ་སྟོན་ལས་རིམ་ཐེངས་༡༢ པ་ འགོ་འདྲེན་མིའི་ནང་ སློབ་ཕྲུག་༨༠ ཀྱིས་ བཅའ་མར་གཏོགས་མིའི་གྲས་ལས་ སྤ་རོ་འབྲུག་རྒྱལ་སློབ་གྲྭ་ལྟེ་བ་ལས་ དཔལ་ལྡན་ཚེ་རིང་དབྱངས་ཅན་གྱིས་ ན་གཞོན་དྲག་ཤོས་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
དེ་ཡང་ བདུན་ཕྲག་༡ གི་རིང་ འགོ་འདྲེན་འཐབ་མི་ བསླབ་སྟོན་ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ ས་ཁོངས་ནང་ མཇུག་བསྡུ་བའི་སྐབས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ རྒྱལ་ཁ་ཐོབ་མི་ལུ་ གཱོལ་ཌེན་ཡུཐི་ཟེར་མི་ ན་གཞོན་དྲག་ཤོས་ཀྱི་ རྟགས་མ་དང་ ལག་ཁྱེར་གནང་ཡོདཔ་ཨིན་པས།
བསླབ་སྟོན་ལས་རིམ་སྐབས་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་བ་ལྷགཔ་སྦེ་ གནད་དོན་གཞན་ཚུ་ནང་ རང་སོའི་རིག་རྩལ་དང་ རིག་སྟོབས་ དེ་ལས་ ལྕོགས་གྲུབ་ཚུ་ གསལ་སྟོན་འབད་ནི་གི་ གོ་སྐབས་བྱིན་ཡོདཔ་ད་ དཔལ་ལྡན་ཚེ་རིང་དབྱངས་ཅན་གྱིས་ ཤེས་ཡོན་དང་ རྩེད་རིགས་ སྤྲོ་སྟོན་ཚུ་ནང་ ཁྱད་འཕགས་ཐོན་མི་གིས་མ་དོ་བར་ ཨིང་སྐད་ནང་ བརྗོད་གདངས་མ་འདྲཝ་ཁག་༧ སླབ་ཚུགསཔ་ལས་ དྲག་ཤོས་ཐོན་ཡོདཔ་ཨིན་པས།
ན་གཞོན་དྲག་ཤོས་ཀྱི་ རྟགས་མ་ཐོབ་མི་ལུ་བརྟེན་ དཔལ་ལྡན་ཚེ་རིང་དབྱངས་ཅན་གྱིས་ ཆེ་རིམ་ཤེས་ཡོན་དེ་ ཕྱི་རྒྱལ་ལུ་ ལྷབ་ནི་གི་ གོ་སྐབས་འཐོབ་ནི་ཨིན་པས།
དེ་ལས་ ཨང་གཉིས་པ་ཐོན་མི་ཚུ་གིས་ ཐའི་ལེནཌ་དང་ ཧོང་ཀོང་ལུ་ དུས་ཐུང་སློབ་སྦྱོང་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནི་དང་ ཤེས་ཡོན་ལྟ་སྐོར་ནང་ འགྱོ་ནི་གི་ གོ་སྐབས་ཚུ་ འཐོབ་ནི་ཨིན་པས།
ཐིམ་ཕུག་ཨི་ཨེལ་སི་སློབ་གྲྭ་ཆེ་བ་ལས་ བསོད་ནམས་བསྟན་འཛིན་དབང་ཕྱུག་གིས་ སློབ་ཕྲུག་དྲག་ཤོས་༢ པའི་ ཨང་དང་པ་ཐོན་ཡོདཔ་མ་ཚད་ ཁོ་གི་འོག་ལས་ བསམ་རྩེ་སློབ་གྲྭ་ཅེ་བའི་སློབ་ཕྲུག་ ཚེ་རིང་དབྱངས་ཅན་ལྷ་མོ་གིས་ ཐོན་ཡོདཔ་ད་ བུམ་ཐང་བྱ་དཀར་སློབ་གྲྭ་ཆེ་བ་ལས་ བསོད་ནམས་མཚོ་མོ་གིས་ ཨང་གསུམ་པ་ཐོན་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *