འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་གི་དོན་ལུ་ མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཞུ་ཡིག་བཙུགས་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འབྲུག་རྒྱལ་པོའི་རྒུད་སོའི་སྐྱིད་སྡུག་ དབྱེ་ཁག་༣ པ་ འགོ་བཙུགས་ཏེ་ བདུན་ཕྲག་༢ ནང་འཁོད་ལུ་ མི་༢༣,༦༧༡ གིས་ ཟླ་རིམ་འོང་འབབ་རྒྱབ་སྐྱོར་དང་ མི་༡༨,༤༤༤ གིས་ སྐྱིན་འགྲུལ་སྐྱེད་ཀྱི་ རྒྱབ་སྐྱོར་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

འབྲུག་རྒྱལ་པོའི་རྒུད་སོའི་སྐྱིད་སྡུག་དོན་ལུ་ ཞུ་ཡི་བཙུགས་མི་ཚུ་གི་གྲས་ལས་ ཟླ་རིམ་འོང་འབབ་རྒྱབ་སྐྱོར་གྱི་དོན་ལུ་ མཐོ་ཤོས་ར་ བསམ་རྩེ་རྫོང་ཁག་དང་ ཉུང་ཤོས་ར་ མགར་ས་རྫོང་ཁག་ལས་ཨིན་པས།

ཞུ་ཡིག་བཙུགས་མི་ མང་ཤོས་ར་ ཐིམ་ཕུག་ལུ་ ལཱ་འབད་སྡོད་མི་ཨིནམ་བཞིན་དུ་ མི་ངོམ་༩,༨༤༧ ལྟ་བཤལ་ལས་སྡེ་དང་༡,༣༥༣ ཟ་ཁང་དང་ བཞེས་སྒོའི་ཞབས་ཏོག་གི་ ལཱ་འབད་མི་ཚུ་ཨིན་པས།

ཁོང་ཆ་ཁྱབ་ མང་ཤོས་ཅིག་ཁར་ འབྲུག་རྒྱལ་པོའི་རྒུད་སོའི་སྐྱིད་སྡུག་ དབྱེ་ཁག་དང་པ་དང་༢ པའི་ནང་ སྐྱིད་སྡུག་ཐོབ་མི་ཚུ་ཨིན་པས།

སྐྱིན་འགྲུལ་སྐྱེད་ཀྱི་ རྒྱབ་སྐྱོར་དོན་ལུ་ སྐྱིད་སྡུག་གི་ ཞུ་ཡིག་བཙུགས་མི་ཚུ་གི་གྲས་ལས་༣༧༣ ཚོང་འབྲེལ་ལས་སྡེ་དང་༡༨,༠༧༡ རང་སོའི་སྐྱིན་འགྲུལ་དང་ ཡང་ཅིན་ ཚོང་འབྲེལ་འཐབ་མིའི་ ཇོ་བདག་ཚུ་ཨིན་པས།

སྐྱིན་འགྲུལ་སྐྱེད་ཀྱི་ རྒྱབ་སྐྱོར་དོན་ལུ་ཡོངས་བསྡོམས་ལུ་ ཐོ་བཀོད་ཅན་གྱི་ སྐྱིན་འགྲུལ་གྱི་ རྩིས་ཁྲ་འཆང་མི་༩,༢༩༤ དང་ རང་སོའི་རྩིས་ཁྲ་ཡོད་མི་༩,༠༧༣ དེ་ལས་ ཚོང་འབྲེལ་གྱི་ རྩིས་ཁྲ་འཆང་མི་༡༣༡ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *