འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ སང་ཕོད་སྤྱི་ཟླ་༣ པ་ཚུན་ འཕྲོ་མཐུད་འཐོབ་ཚུགས་ནི།

ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ཐོབ་མི་ཚུ་གིས་ འཕྲོ་མཐུད་དེ་ར་ སྤྱི་ལོ་༢༠༢༡ གི་ ཟླཝ་དང་པ་ལས་༣ པ་ཚུན་ འཐོབ་ནི་ཨིན་པས།

ཁ་ཙ་ སྐྱིད་སྡུག་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ འབད་མི་དང་འཁྲིལཝ་ད་ སྐྱིད་སྡུག་ཧྲིལ་བུམ་ཐོབ་མི་ཚུ་གིས་ དངུལ་ཀྲམ་༡༠,༠༠༠ དང་ ཆ་ཤས་རེ་ཐོབ་མི་ཚུ་གིས་ དངུལ་ཀྲམ་༧,༠༠༠རེ་ འཐོབ་ཚུགས་ཟེར་ཨིན་པས།

དུས་ཅི་ སྐྱིད་སྡུག་གི་དོན་ལུ་ སྤྱི་ཟླ་༡༠ པ་ལས་༡༢ ཀྱི་བར་ན་ མིང་ཐོ་བཀོད་མི་ཚུ་གིས་ ལོག་བཙུགས་མི་དགོ་ནི་ཨིན་རུང་ གསརཔ་བཙུགས་འདོད་ཡོད་མི་ཚུ་གིས་ འབད་ཆོག་ནི་ཨིན་པས།

ཞུ་ཡིག་ཚུ་ ཡོངས་འབྲེལ་འཆར་སྒོ་www.royalkidu.bt ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ ཨང་ཚུ་གི་ཐོག་ལས་ འབྲེལ་བ་འཐབ་ཚུགས་ནི་ཨིན་པས།

དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༤ ལས་ སྤྱི་ཟླ་༡༡ པའི་ཚེས་༣༠ ཚུན་གྱི་བར་ན་ སྐྱིད་སྡུག་དོན་ལུ་ ཞུ་ཡིག་བཙུགས་མི་ ༤༣,༨༥༥ ཐོན་ཡོད་མི་ལས་༣༤,༣༨༤ གིས་ སྐྱིད་སྡུག་ཐོབ་སྟེ་ཡོད་མི་དེ་ བརྒྱ་ཆ་༧༨ ཀྱི་རྩིས་ཨིནམ་ད་༩,༤༧༡ ལུ་ འོས་འབབ་མེདཔ་ཨིན་པས།

སྐྱིད་སྡུག་ཐོབ་མི་ཚུ་གི་གྲས་ལས་༧,༧༣༡ གིས་ སྤྱི་ཟླ་༤ པ་ལས་ ཐོབ་བཞིན་དུ་ཡོད་མི་དེ་ ཟླཝ་༨ ཀྱི་རྩིས་ཨིནམ་ད་ སྐྱིད་སྡུག་ཐོབ་མི་གི་གྲས་ལས་ མང་ཤོས་ར་ སྐྱེས་ལོ་༢༠ དང་༢༩ གི་བར་ན་འབད་མི་ བརྒྱ་ཆ་༥༡ ཡོད་མི་ཚུ་ཡོདཔ་ད་ ལྟ་བཤལ་ལས་སྡེ་ཚུ་ནང་ ལཱ་འབད་མི་ བརྒྱ་ཆ་༣༤ ཡོདཔ་ཨིན་པས།

དེ་དང་གཅིག་ཁར་ ཨ་ལོ་༢༥,༠༠༠ ལུ་ཡང་ ཨ་ལོའི་གྲོགས་རམ་སྐྱིད་སྡུག་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༨༠༠ རེ་ སྤྲོད་བཞིན་དུ་ཡོདཔ་ད་ ད་ཚུན་ རྒྱལ་ཡོངས་ཐུབ་ནུས་མ་དངུལ་ནང་ལས་ ཁེ་ཕན་ཐོབ་མི་༣༤,༣༨༤ གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༤ བྱིན་ཡོདཔ་ཨིན་པས།

སྐྱིད་སྡུག་གི་ ཞུ་ཡིག་ཚུ་ནང་ སྤྱི་ཟླ་༤ པ་ལས་༦ པའི་བར་ན་ སྐྱིད་སྡུག་དབྱེ་ཁག་དང་པའི་ནང་ མི་ངོམ་༣༣,༨༢༩ གིས་ ཞུ་ཡིག་བཙུགས་ཡོདཔ་ད་ སྤྱི་ཟླ་༧ པ་ལས་༩ པའི་བར་ན་ མི་ངོམ་༣༠,༣༠༠ གིས་ ཞུ་ཡིག་བཙུགས་མིའི་གྲས་ཁར་ དབྱེ་ཁག་དང་པའི་ནང་བཙུགས་མི་༢༢,༥༣༢ ཡོདཔ་ད་ སྤྱི་ཟླ་༡༡ པའི་ཚེས་༣༠ ཚུན་ མི་ངོམ་༢༣,༢༥༣ གིས་ ཞུ་ཡིག་བཙུགས་མི་ལས་༢༠,༩༩༥ ཧེ་མ་ལས་ ཐོབ་བཞིན་དུ་ཡོད་མི་ཚུ་ ཨིན་པས།

སྐྱིད་སྡུག་དབྱེ་ཁག་དང་པའི་ནང་ དངུལ་ཀྲམ་ས་ཡ་༦༧༩.༦ བྱིན་ཡོདཔ་ད་ དབྱེ་ཁག་༢ པའི་ནང་ སྤྱི་ཟླ་༨ པའི་ཚེས་༡༡ ལས་༣༠ གྱི་བར་ན་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འབད་མི་ལུ་བརྟེན་ གྲོགས་རམ་ལེན་མི་ ཡར་སེང་སོང་ཡོདཔ་ལས་ དངུལ་ཀྲམ་ས་ཡ་༥༠༡.༤ བྱིན་ཡོདཔ་ཨིན་པས།

དབྱེ་ཁག་༣ པའི་ནང་ དངུལ་ཀྲམ་ས་ཡ་༢༧༣.༨ བྱིན་ཡོདཔ་ད་ དེ་ནང་ ཨ་ལོ་ཚུ་ལུ་བྱིན་མི་ མ་དངུལ་ཡང་ མཉམ་སྡེབ་འབད་དེ་ ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *