རྡོ་དཀར་-ཤར་པའི་འདེམས་ངོ་ རྣམ་རྒྱལ་ཚེ་རིང་།

འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་མཇུག་ ངོ་སྤྲོད་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ སྤ་རོ་རྡོ་དཀར་-ཤར་པ་འདེམས་ཁོངས་ཀྱི་ འདེམས་ངོ་གསལ་བསྒྲགས་འབདཝ་དང་གཅིག་ཁར་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ག་ར་ཚང་སོ་ནུག།
འདེམས་ངོ་རྣམ་རྒྱལ་ཚེ་རིང་གིས་ སྲིད་དོན་ནང་ མ་འཛུལ་བའི་ཧེ་མ་ ལོ་༡༤ རིང་ གསོ་བ་ལྷན་ཁག་ རྒྱལ་ཡོངས་ཨེཆ་ཨའེ་བི/ཨེཌསི་དང་ ཨེསི་ཊི་ཨའི་བཀག་འཛིན་ལས་རིམ་གྱི་ རྒྱལ་ཡོངས་ལས་རིམ་འཛིན་སྐྱོང་པ་དང་ འབུ་ནད་སྡེ་ཚན་གྱི་ འགོ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
བྱི་ལི་ཁ་ལས་ སྐྱེས་ལོ་༣༩ ལང་མི་ རྣམ་རྒྱལ་ཚེ་རིང་ལུ་ ཐའི་ལེནཌ་ ཅུ་ལ་ལོང་ཀཱོན་གཙུག་ལག་སློབ་སྡེ་ལས་ མི་མང་འཕྲོད་བསྟེན་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་དང་ རྒྱ་གར་མ་ཌཱསི་གཙུག་ལག་སློབ་སྡེ་ལས་ ཚན་རིག་བརྡ་བརྒྱུད་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༡ ལུ་ འདེམས་ངོ་༤༦ སྟབས་གཅིག་ཁར་སྦེ་ ངོ་སྤྲོད་འབད་བའི་སྐབས་ རྣམ་རྒྱལ་ཚེ་རིང་གི་ དགོངས་ཞུའི་བྱ་རིམ་ཚུ་ མཇུག་མ་བསྡུ་བར་ཡོད་ནི་དེ་གིས་ ངོ་སྤྲོད་འབད་མ་ཚུགས་པས།
རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ ཁོ་ར་ དྲག་ཤོས་ནང་ལས་ གདམ་འཐུ་འབད་འབདཝ་མེན་པར་ ཕམ་ཉམ་ཆུང་ཚུ་གི་ནང་ལས་ གདམ་འཐུ་འབད་ཡི་ཟེར་ཨིན་པས།
འདེམས་ངོ་ཁོ་ར་ དམིགས་བསལ་དུ་ འབྲུག་མཉམ་རུབ་ཚོགས་པ་ནང་ འཛུལ་མི་དེ་ཡང་ ཚོགས་པའི་གཞི་རྩ་དང་ ལྟ་བ་ལུ་ ཡིད་ཆེས་བྱུང་ནི་དེ་གིས་ཨིནམ་ད་ ཚོགས་པའི་གཞི་རྩ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ཨིན་རུང་ གལ་སྲིད་ ཚོགས་པའི་གཞི་རྩ་དང་འཁྲིལ་ གོང་འཕེལ་གྱི་ ལཱ་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་དེ་ འགྲུབ་ཚུགས་ཟེར་ རྣམ་རྒྱལ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *