འབྲུག་མཉམ་རུབ་ཚོགས་པ་གིས་ དངུལ་འབྲེལ་མཐུན་རྐྱེན་སྐོར་ ཁ་ཉེས་བཀལ་མི་ལུ་ གཞི་ཁུངས་མེད་ཟེར་ བློན་ཆེན་གྱིས་དོགས་སེལ།

༉ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྙན་ཞུ་སྦེ་ གྲ་སྒྲིག་འབད་ཡོདཔ་ཨིན་རུང་ ཤུལ་ལས་ ཏི་རུ་གི་དཔྱད་ཡིག་སྦེ་ ཆ་འཇོག་འབད་ཡོད་མི་དེ་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ བློན་ཆེན་དང་ དངུལ་རྩིས་བློན་པོ་ དགོངས་ཞུ་འབད་དགོཔ་སྦེ་ གནས་ཚུལ་གསར་བཏོན་འབད་མི་དེ་ལུ་ བློན་ཆེན་གྱིས་འབད་བ་ཅིན་ དེ་ལུ་ ལན་རྐྱབ་དགོ་པའི་ འོས་འབབ་མེདཔ་ལས་ ལན་མ་རྐྱབ་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲལ་འཕྲལ་སྦེ་ར་ གནས་ཚུལ་གསར་བཏོན་ འབད་ནི་ཡོདཔ་ལས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ དམིགས་ཏེ་ཨིན་པ་ཅིན་ ལེགས་ཤོམ་ཨིན་རུང་ ཁོང་གིས་ ཁོང་རའི་སྲིད་དོན་ཚོགས་པ་ཡོད་ཟེར་ སླབ་ནིའི་དོན་ལུ་ འབད་དོ་བཟུམ་མའི་ སྣང་བ་ཤར་ཡི་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གིས་ སྲིད་དོན་གྱི་དོན་ལུ་ར་ འབདཝ་ཨིན་པ་ཅིན་ ད་ལྟོ་ གཞུང་དགོངས་ཞུ་འབད་ནི་ལུ་ ལོ་གཅིག་ལྷགཔ་ཅིག་ཡོདཔ་ལས་ ད་ལྟོ་ ཧ་སུ་ཅིག་ཨིན་མས་ཟེར་ བློན་ཆེན་གྱིས་གསུངས་ཡི།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ རྩ་ཁྲིམས་དང་ མ་འཁྲིལཝ་སྦེ་ སླབ་ཡོདཔ་ཨིན་རུང་ བློན་ཆེན་གྱིས་ རྩ་ཁྲིམས་དང་འཁྲིལ་ཏེ་ཨིནམ་མ་ཚད་ མཐུན་རྐྱེན་ག་དེ་སྦེ་ བྱིན་ནི་ཨིན་ན་ཡང་ གཞུང་ལུ་ ཁེ་དབང་ཡོད་ཟེར་ གསུངས་ཡི།
དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ གཞུང་གི་ཁེ་དབང་ཨིནམ་ལས་ སྤྱི་ཚོགས་ནང་ལུ་ཡང་ བཙུགས་དགོཔ་མེད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༠ གྱི་ཐད་ཁར་ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ བྱིན་ཏེ་འབད་རུང་ ཁོང་གིས་ ཁྲལ་བཀལ་མི་དེ་ ཁྲིམས་འགལ་ཨིནམ་ལས་ ཁྲལ་བཀལ་ནིའི་ཐད་ཁར་ སྤྱི་ཚོགས་ལས་ བརྒྱུད་དེ་མ་འོང་པ་ཅིན་ ཁྲིམས་འགལ་ཨིནམ་སྦེ་ བརྩིཝ་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ཐད་ཁར་ ཐག་བཅད་ནི་དང་ བྱིན་ནི་དེ་ གཞུང་གི་ཁེ་དབང་ཨིན་རུང་ ཧེ་མ་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ཁྲིམས་ཁང་ནང་ བཀལ་དགོ་མི་དེ་ སྣུམ་འཁོར་གུ་ ཁྲལ་བཀལ་ནི་དེ་གིས་ཨིནམ་བཞིན་དུ་ རྩ་ཁྲིམས་ཆེན་མོ་ལས་ འགལ་ནི་དེ་གིས་ཨིནམ་སྦེ་གསུངས་ཡི།
དེ་མ་ཚད་ ཧེ་མ་ཁྲིམས་ཁང་གི་བཀའ་རྒྱ་ནང་ འཁོད་དེ་ཡོད་མི་དང་འཁྲིལཝ་ད་ ཁྲལ་གྱི་ཐད་ཁར་ རྒྱལ་ཡོངས་ཚོགས་འདུ་ལུ་ དབང་ཚད་ཡོད་དེ་འབད་རུང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ བྱིན་ནིའི་ཐད་ཁར་ གཞུང་གི་ཁེ་དབང་ཨིནམ་སྦེ་ གསལ་ཏོག་ཏོ་སྦེ་ འཁོད་དེ་ཡོདཔ་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།
དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ཆ་འཇོག་འབད་ནི་ཨིན་ན་དང་ ཆ་མེད་གཏང་ནི་ཨིན་ནའི་ཐད་ཁར་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ ཏི་རུ་གི་ དཔྱད་ཡིག་ཨིན་པ་ཅིན་ ཚོགས་རྒྱན་ཡང་ བཙུགས་དགོཔ་མེད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ཁྲིམས་འགལ་ཨིན་ཟེར་བ་ཅིན་ ཁྲིམས་ཁང་ནང་ བཀལ་ནིའི་དབང་ཚད་ཡོདཔ་ལས་ གཞུང་གི་ཐད་ཁར་ ཁྲིམས་མཐུན་ཨིན་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *