ལོག་བཟོ་སྐྲུན་འབད་ནི་ཨིན་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ དོ་ཁང་།

འབྲུག་བཟའ་སྤྱོད་ལས་འཛིན་གྱི་དོ་ཁང་ ལོག་བཟོ་སྐྲུན་འབད་ནིའི་དོན་ལུ་ ཞིབ་དཔྱད་འབད་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་དོ་ཁང་ མེ་གིས་འཚིགས་ཏེ་ ཟླཝ་༤ དེ་ཅིག་ལང་རུང་ ད་ལྟོ་ཡང་ ལོག་བཟོ་སྐྲུན་འབད་མ་ཚུགས་པར་ཡོདཔ་ད་ དེ་ཡང་ ཞིབ་དཔྱད་ཀྱི་ལཱ་ཚུ་ འབད་དོ་ཡོད་མི་ལུ་བརྟེན་ཨིན་པས།
ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟླཝ་༡ དང་༢ དེ་ཅིག་གི་རྒྱབ་ལས་ ལཱ་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ དོ་ཁང་བཟོ་སྐྲུན་གྱི་དོན་ལུ་ ཧེ་མའི་འཚིགས་ཤུལ་དེ་ བརྡལ་གཏང་ཞིནམ་ལས་ བཏུབ་པ་ཅིན་ ཧེ་མའི་ གཞི་འགྱམ་གུ་ལས་ འཕྲོ་མཐུད་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞི་འགྱམ་དེ་ཡང་ མེ་གིས་འཚིགས་ཡོདཔ་ལས་ སྒྲིང་སྒྲི་ག་དེ་སྦེ་ ཡོདཔ་ཨིན་ན་དང་ དེ་ལས་ འཕྲོ་མཐུད་དེ་རྐྱབ་པ་ཅིན་ བརྟན་ཏོག་ཏོ་ཡོད་མེད་ཀྱི་ བརྟག་དཔྱད་འབད་ཐབས་ལུ་ རྒྱ་གར་གྱི་ ལས་སྡེ་ཅིག་ལུ་ བརྟག་ཞིབ་འབད་བར་ བཏང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྟན་ཏོག་ཏོ་མེད་པ་ཅིན་ མ་དངུལ་ཐེབས་གནས་ནི་དང་ ག་དེམ་ཅིག་སྦེ་ བརྟན་ཏོག་ཏོ་ཡོད་པ་ཅིན་ ཟད་འགྲོ་ཉུང་སུ་གནས་ནི་ཨིནམ་ད་ རིན་བསྡུར་གྱི་དོན་ལུ་ གྲ་སྒྲིག་སོང་རུང་ ཞིབ་དཔྱད་ཀྱི་ སྙན་ཞུ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
དོ་ཁང་གསརཔ་ བཟོ་སྐྲུན་འབད་མི་དེ་ནང་ མེ་རྐྱེན་བྱུང་བའི་སྐབས་ ཉེན་སྲུང་འབད་ཐབས་ལུ་ ཆུ་གཏོར་འཕྲུལ་ཆས་ བཙུགས་ནི་ཨིནམ་མ་ཚད་ སི་སི་ཊི་བི་པར་ཆས་ བཙུགས་ནིའི་དོན་ལུ་ཡང་ མ་དངུལ་ཚུ་ བཞག་སྟེ་ཡོད་ཟེར་ པདྨ་དབང་ཕྱུག་གིས་ བཤདཔ་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཧེ་མར་ ཤར་ཕྱོགས་རྫོང་ཁག་༦ གི་ སློབ་གྲྭ་ཚུ་གི་ རྒྱགས་སྐལ་ཚུ་ དོ་ཁང་དེ་ནང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་མ་ཚད་ གློ་བུར་གྱི་དཀའ་ངལ་ཚུ་ འཐོན་པའི་སྐབས་ བཀྲམ་སྤེལ་འབད་ནིའི་དོན་ལུ་ རྒྱགས་སྐལ་ལ་སོགས་པ་ཚུ་ གསོག་འཇོག་འབད་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ རྒྱགས་སྐལ་གསོག་འཇོག་གི་དོན་ལུ་ ཕུན་ཚོགས་གླིང་ལས་ དོ་ལྷོད་མི་ཚུ་ མོང་སྒར་དང་ བཀྲིས་སྒང་འཁང་མ་ལུ་ཡོད་མི་ དོ་ཁང་ཚུ་ནང་ འབག་སྐྱེལ་དོ་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་མི་ཚུ་ བཞག་ནིའི་དོན་ལས་ འཛམ་གླིང་ཟ་ཆས་ལས་འགུལ་དང་ རིན་བསྡུར་ཁང་གི་ དོ་ཁང་ཚུ་ནང་མ་ཚད་ བསིལ་མཛོད་ཁང་དེ་ཡང་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ གཞི་འགྱམ་བརྟག་དཔྱད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ ལོག་དོ་ཁང་བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་ག་དེམ་ཅིག་ གནས་ནི་ཨིན་ན་ གཏན་འཁེལ་སླབ་མ་ཤེས་རུང་ དོ་ཁང་དེ་ རྒྱལ་ཁབ་ཀྱི་ དོ་ཁང་གཞན་ཚུ་གི་དོན་ལུ་ དཔེ་སྟོན་ཅིག་སྦེ་ གནས་འོང་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ དོ་ཁང་དེ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༩ གི་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ མེ་གིས་ འཚིགས་ཡོདཔ་ད་ བྱུང་རྐྱེན་དེ་ནང་ དངུལ་ཀྲམ་ས་ཡ་༢༣ དེ་ཅིག་གནས་པའི་ ཤར་ཕྱོགས་རྫོང་ཁག་༦ གི་ སློབ་གྲྭ་ཁག་ཚུ་གི་ རྒྱགས་སྐལ་དང་ ལས་འཛིན་གྱི་ཅ་ཆས་ཚུ་ འཚིགས་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *