འབྲུག་ཕུན་སུམ་ཚོགས་པ་གིས་ ངོ་སྤྲོད་འབད་མི་ བོང་མགོ་-སྐྱབས་ཆའི་འདེམས་ངོ་ སྤེན་པ།

འབྲུག་ཕུན་སུམ་ཚོགས་པ་གིས་ བོང་མགོ་-སྐྱབས་ཆའི་འདེམས་ངོ་ ངོ་སྤྲོད་འབད་ཡོདཔ།

སྤྱི་ཟླ་༥ པའི་ཚེས་༢༣ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཆུ་ཁ་བོང་མགོ་རྒེད་འོག་ དམ་སྦྱིས་གཡུས་ཚན་ལས་ སྐྱེས་ལོ་༣༦ ལང་མི་ སྤེན་པ་དེ་ བོང་མགོ་-སྐྱབས་ཆ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ནུག།

ཁོ་གིས་ རྒྱལ་གཞུང་བསྟན་སྲུང་དམག་སྡེ་ནང་ ལོ་༡༠ གྱི་རིང་ སྤྱིར་བཏང་ཨིང་ལིཤ་གི་ དྲུང་ཡིག་དང་ རྩིས་འཛིན་པ་ དེ་ལས་ ཨིང་ལིཤ་དྲུང་ཡིག་སྡེ་ཚན་ནང་ འགོ་དཔོན་གོངམ་སྦེ་ ལཱ་འབད་ཡོདཔ་ཨིན་པས།

པདྨ་གིས་ སྤྱི་ལོ་༢༠༠༧ ལུ་ བསྟན་སྲུང་དམག་སྡེ་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ ཁོ་རའི་ གཡུས་ཚན་ནང་སྡོད་དེ་ ཨ་ལཱན་ཅི་འཛུགས་སྐྱོང་དང་ མི་སྡེའི་ལཱ་ཚུ་འབད་སྡོད་ཡོདཔ་ལས་ འདེམས་ཁོངས་ནང་ གོང་འཕེལ་གྱི་དགོས་མཁོ་ཚུ་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་བྱུང་སྟེ་ཡོདཔ་ཨིན་པས།

ཁོ་གིས་ རྒྱ་གར་གྱི་ བྱང་ཤར་གཙུག་ལག་སློབ་སྡེ་ལས་ སྤྱིར་བཏར་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་བཞིན་དུ་ སྤེན་པ་གིས་ སླབ་མིའི་ནང་ ད་རེས་ དམིགས་བསལ་དུ་ འབྲུག་ཕུན་ཚོགས་པ་ནང་ འཛུལ་དགོ་མི་དེ་ཡང་ ཚོགས་པའི་ལྟ་བ་ འདྲ་ཉམས་དང་དྲང་བདེན་ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

དེ་མ་ཚད་ རྒྱལ་ཁབ་ནང་ དམངས་གཙོ་རིང་ལུགས་ གཞི་བཙུགས་འབད་བའི་ ནམ་དུས་ལས་ར་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ ཚོགས་པ་དེ་ སྒྲིང་སྒྲི་ཡོད་ནི་དེ་གིས་ཨིན་ཟེར་ སྤེན་པ་གིས་བཤད་ཅི།

ཁོ་གིས་ སླབ་མིའི་ནང་ ཕུན་སུམ་ཚོགས་པ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ འདྲ་ཉམས་དང་དྲང་བདེན་ཐོག་ལས་ ཕྱག་ཞུ་བའི་ཁར་ རྒྱལ་ཁབ་ཀྱི་ རང་དབང་དང་སྲུང་སྐྱོབ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་མི་ལུ་བརྟེན་ ཚོགས་པ་དེ་ནང་ འཛུལ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།

སྤེན་པ་གིས་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཡོད་རུང་ སྤྱིར་སྙོམས་འཛོམས་འདུ་ནང་ལས་ བཙག་འཐུ་འགྲུབ་མ་ཚུགས་པས།

ཁོ་གིས་འབད་བ་ཅིན་ མ་གཞི་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་ འཆར་གཞི་མེད་རུང་ རྒྱབ་སྐྱོར་པ་ཚུ་གིས་ ཁོ་ར་ ཕམ་ཉམ་ཆུང་གི་བུཚ་དང་ ན་ཚོད་ལས་འབད་རུང་ རན་ཏོག་ཏོ་ཡོད་མི་ལུ་བརྟེན་ རྩ་བ་གསུམ་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནིའི་ འོས་འབབ་འདུག་ཟེར་ སླབ་མི་ལུ་བརྟེན་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *