འདེམས་ངོ་ཀུན་ལེགས་དབང་ཕྱུག།

འབྲུག་ཕུན་སུམ་ཚོགས་པ་གིས་ སྤུ་ན་ཁ་དང་ གསར་སྤང་རྫོང་ཁག་གི་འདེམས་ངོ་ ངོ་སྤྲོད།

༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་རུང་ འདེམས་ངོ་༢ ངོ་སྤྲོད་འབད་ནུག།
དེ་ཡང་ སྤུ་ན་ཁ་བརཔ་རྒེད་འོག་ ཡེ་ཝ་ཁ་གཡུས་ཚན་ལས་ སྐྱེས་ལོ་༤༣ ལང་མི་ ཀུན་ལེགས་དབང་ཕྱུག་དེ་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ཀྱི་ འདེམས་ངོ་ཨིན་པས།
ཁོ་གིས་ འདས་པའི་ཟླཝ་ནང་ སྤུ་ན་ཁ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཐིམ་ཕུག་ལུ་ སྒེར་གྱི་སློབ་གྲྭ་ཅིག་ཨིན་མི་ སྡེ་སྲིད་སློབ་གྲྭ་ཆེ་བའི་ དབུ་འཛིན་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ ལོ་ངོ་༡༨ ཀྱི་རིང་ རྫོང་ཁག་ཤེས་རིག་འགོ་དཔོན་འོགམ་དང་ དབུ་འཛིན་ སློབ་དཔོན་སྦེ་ ཕྱག་ཞུ་ནུག།

འདེམས་ངོ་དེའུ་ཀུ་མར་ རི་མིལ།

ཁོ་གིས་ སྤ་རོ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་མ་ཚད་ རྒྱ་གར་ནོའི་ཌ་རྒྱལ་སྤྱི་གཙུག་ལག་སློབ་སྡེ་ལས་ མི་མང་བདག་སྐྱོང་གི་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
འདེམས་ངོ་གཞན་དེ་ གསར་སྤང་ཆུ་འཛོམས་རྒེད་འོག་ ལྷ་ཡུལ་གཡུས་ཚན་ལས་ དེའུ་ཀུ་མར་ རི་མིལ་ཨིནམ་ད་ སྐྱེས་ལོ་༣༣ ལང་མི་ འདེམས་ངོ་དེ་གིས་ རྒྱ་གར་ཏ་མིལ་ན་དུ་ ཨེར་བི་ཨེསི་ ནང་རིག་དང་ ཚན་རིག་མཐོ་རིམ་སློབ་གྲྭ་ལས་ གློག་རིག་དང་འབྲེལ་བའི་ ཚན་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།
དེའུ་ཀུ་མར་ རི་མིལ་ལུ་ སྒེར་གྱི་བརྡ་དོན་དང་ བརྒྱུད་འབྲེལ་འཕྲུལ་རིག་སྒེར་སྡེ་ནང་ ལཱ་འབད་བའི་ ལོ་ངོ་༣ ལྷགཔ་ཅིག་གི་ ཉམས་མྱོང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *