འབྲུག་ཕུཊ་བཱོལ་ལིག་གི་ རྩེད་འགྲན་འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ སྤ་རོ་ཨེཕ་སི་སྡེ་ཚན་གྱི་ ཕུཊ༌བཱོལ་རྩེད་ཐང་ནང་ རྩེད་འགྲན་འབདཝ་ད་ སྤ་རོ་སྡེ་ཚན་གྱིས་ འབྲུག་ལྷ་ཡུལ་སྡེ་ཚན་ལུ་ གཱོལ་༢ བཙུགས་ནུག།

སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་དེ་ དུས་ཡུན་སྐར་མ་༨༠ དང་༨༨ ནང་ལྷོདཔ་ད་ སྤ་རོ་སྡེ་ཚན་གྱི་ རྩེད་འགྲན་པ་ ཡེ་ཤེས་རྡོ་རྗེ་གིས་ གཱོལ་༢ བཙུགས་ཏེ་ འབྲུག་ལྷ་ཡུལ་སྡེ་ཚན་དེ་ ཕམ་བཏང་ཡོདཔ་ད་ དུས་ཚོད་དེ་གི་རིང་ལུ་ ལྷ་ཡུལ་སྡེ་ཚན་གྱིས་ རྒྱབ་སྲུང་འབད་དེ་ རྩེད་འགྲན་འབད་ཡོདཔ་ལས་ གཱོལ་བཙུགས་མ་ཚུགས་པས། 

བི་ཨོ་བི་འབྲུག་པི་མི་ཡར་ལིག་གི་ རྩེད་འགྲན་སྐོར་ཐེངས་༡ པ་དེ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཐིམ་ཕུག་སི་ཊི་དང་ གོ་མོ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ རྩེད་འགྲན་འབད་ཐོག་ལས་ སྤྱི་ལོ་༢༠༢༡ གི་ པི་རི་མི་ཡར་ལིག་རྩེད་འགྲན་འགོ་བཙུགས་ནུག།

ཐིམ་ཕུག་སི་ཊི་གིས་ གོ་མོ་ཨེཕ་སི་ལུ་ གཱོལ་༧ བཙུགས་ཏེ་ ཕམ་བཏངམ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ མ་གཏོགས་ བཙུགས་མ་ཚུགས་པས།

དུས་ཅིའི་རྩེད་འགྲན་ནང་ རྫོང་ཁག་ལས་ དྲག་ཤོས་ཐོན་མི་སྡེ་ཚན་༤ གིས་ བི་ཨོ་བི་ འབྲུག་པི་མི་ཡར་ལིག་གི་ རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་མི་དང་བསྟུན་ སྡེ་ཚན་༡༠ གྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།

སྤ་རོ་རིན་སྤུངས་ཨེཕ་སི་དང་ གསར་སྤང་ལས་ དགེ་ལེགས་ཕུག་སྡེ་ཚན་ སྤུ་ན་ཁ་ལས་ གོ་མོ་ཨེཕ་སི་ དེ་ལས་ ཐིམ་ཕུག་ལས་ འབྲུག་ལྷ་ཡུལ་སྡེ་ཚན་༤ ཨིནམ་ད་ འདས་པའི་ལོ་ནང་ རྒྱལ་ཁ་ཐོབ་མི་ ཐིམ་ཕུག་སི་ཊི་དང་ ཊཱངསི་པོཊི་ཡུ་ནའེ་ཊེཊ་དང་ བསྟན་སྲུང་ སྤ་རོ་ཨེཕ་སི་ ཧའེ་ཀོ་ལི་ཊི་ཡུ་ནའེ་ཊེཊ་ དེ་ལས་ ཨྱོན་རིག་པའི་འབྱུང་གནས་ཀྱི་ སྡེ་ཚན་༦ བརྩིས་ཏེ་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས།

ད་རིས་ ཧའེ་ཀོ་ལི་ཊི་དང་ བསྟན་སྲུང་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ ལྕང་གླིང་མི་ཐང་ནང་ རྩེད་འགྲན་འབད་ནི་ཨིནམ་ད་ བི་ཨོ་བི་པི་མི་ཡར་ལིག་ ཕུཊ༌བཱོལ་རྩེད་འགྲན་དེ་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *