འབྲུག་པའི་ཨམ་སྲུ་དང་ ན་གཞོན་ཚུ་གི་རིག་རྩལ་ ཡར་དྲག་གཏང་དགོ་པའི་རྒྱབ་སྣོན།

༉ འབྲུག་པའི་ཨམ་སྲུ་དང་ ན་གཞོན་ཚུ་གི་ རིག་རྩལ་ཡར་དྲག་གཏང་ནི་དང་འབྲེལ་བའི་ སྦྱོང་བརྡར་དང་ ཤེས་ཡོན་སྣ་ཚོགས་བྱིན་ཏེ་ཡོད་རུང་ ཤེས་རིག་དང་ སྦྱོང་བརྡར་གཉིས་ཆ་རང་ལུ་ སྤུས་ཚད་ཀྱི་གནས་སྟངས་ཚུ་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ གསལ་སྟོན་འབད་མི་ ཚོང་འབྲེལ་མཉམ་སྡེབ་སྙན་ཞུ་དང་འཁྲིལཝ་ད་ གཞུང་ དང་ གཞུང་མིན་ལས་ཚོགས་ཚུ་གིས་ ཨམ་སྲུ་དང་ན་གཞོན་ཚུ་གི་ རིག་རྩལ་ཡར་དྲག་གཏང་ཐབས་ལུ་ ཚོང་འབྲེལ་གྱི་སྦྱོང་བརྡར་དང་ དུས་ཐུང་གི་སྦྱོང་བརྡར་ཚུ་ བྱིན་ཡོད་པའི་ཁར་ དེའི་ནང་ལས་ ན་གཞོན་གོང་འཕེལ་མ་དངུལ་གྱིས་ ན་གཞོན་དཔལ་རི་དྲན་ཆས་ལྟེ་བ་དང་ དགའ་སྐྱིད་གཡུས་ཚན་ དེ་ལས་ བརྡ་དོན་ཤེས་ཡོན་དང་གཅིག་ཁར་ ལཱ་གཡོག་གི་གོ་སྐབས་ཚུ་ ཨམ་སྲུ་ཚུ་གི་དོན་ལུ་ ཤུགས་བཏོན་ཡོདཔ་ཨིན་པས།

དེ་མ་ཚད་ ལས་སྡེ་གཞན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ཡང་ འགོ་ཁྲིད་པའི་སྦྱོང་བརྡར་དང་ བརྡ་དོན་དང་མི་ ཚེའི་ལེགས་བསྒྱུར་གྱི་རིག་རྩལ་ དེ་ལས་ སློབ་གྲྭ་ནང་ལས་ཐོན་སྡོད་མི་ ན་གཞོན་ཚུ་གི་དོན་ལུ་དང་ ཕོ་མོའི་སྐོར་ལས་མཐོ་རིམ་སློབ་གྲྭ་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ དེ་ལས་ སློབ་གྲྭ་ཚུ་ནང་ལས་ཕར་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཨིན་རུང་ གལ་ཅན་གྱི་ བསྒྱུར་བཅོས་འབད་དགོཔ་ཡོད་མི་ལུ་ སློབ་ཕྲུག་ཚུ་གིས་ མི་ཚེའི་ནང་ ངོ་མ་སྦེ་ ལག་ལེན་འཐབ་པའི་ སྐབས་ ཉམས་མྱོང་ག་བཟུམ་དགོཔ་ཨིན་ན་ཚུ་ ཤེས་ཚུགས་ནིའི་དོན་ལུ་ གོ་བརྡའི་གསལ་བཤད་འབད་མི་ཚུ་འཁྱིད་དེ་ ཉན་ བཅུག་དགོ་པའི་ཁར་ མི་ཚེའི་ནང་ ལཱ་གི་གནས་སྟངས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ རྒྱབ་སྣོན་འབད་ནུག།

དེ་བཟུམ་སྦེ་ ལག་ཤེས་དང་རིག་རྩལ་སྦྱོང་བརྡར་སྤེལ་ཁང་ནང་ བཟོ་གྲྭའི་སྐོར་ལས་ སྦྱོང་བརྡར་དང་ ལས་ཁུངས་རིག་རྩལ་ ཚོགས་སྡེ་ཚུ་ བརྩི་དགོཔ་འདུག་ཟེར་ཨིན་པས།

ཚོང་འབྲེལ་གྱི་ལཱ་ནང་ ཨམ་སྲུ་ཚུ་གིས་ གནམ་ཁ་མང་སུ་ཐོབ་ཐབས་ལུ་ དམིགས་བསལ་དུ་ ཨམ་སྲུ་ཚུ་གི་དོན་ལུ་ འབྲེལ་བ་ ཡོད་པའི་ཁར་ རིག་རྩལ་ཚུ་ བཙུགས་དགོ་པའི་ རྒྱབ་སྣོན་འབད་ཡོདཔ་ད་ སློབ་སྦྱོང་འབད་བའི་བསྒང་ཨིན་མི་ སློབ་དཔོན་དང་ ལཱ་གཡོག་ནང་ཡོད་མི་ སློབ་དཔོན་གཉིས་ཆ་རང་ལུ་ ཨམ་སྲུ་ཚུ་ལུ་ དགོས་མཁོ་མ་འདྲཝ་ཡོད་མི་ཚུ་ འགྲུབ་ཐབས་ལུ་ ཕོ་མོ་དང་ འབྲེལ་བའི་གནད་དོན་ཚུ་ལུ་ སྦྱོང་བརྡར་བྱིན་དགོཔ་སྦེ་ཨིན་པས།

ཐབས་ཤེས་དེའི་དོན་ལུ་ ཤེས་རིག་གཙུག་སྡེ་དང་ སྒེར་སྡེའི་བར་ན་ཡང་ བཟོ་གྲྭ་ཡོད་སའི་ས་ཁོངས་ཚུ་ནང་ དམིགས་བསལ་གྱི་ ཁྱད་རིག་སྦྱོང་བརྡར་ལས་རིམ་དོན་ལུ་ མཉམ་འབྲེལ་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་པའི་ རྒྱབ་སྣོན་འབད་དེ་ཡོདཔ་ཨིན་པས།

དཔལ་འབྱོར་གྱི་ གནས་སྟངས་གསརཔ་དང་འཁྲིལཝ་ད་ རྒྱབ་སྣོན་དེ་ཚུ་གིས་ ལཱ་གཡོག་གི་གོ་སྐབས་ རྒྱ་ཆེ་དྲགས་བཟོ་ཚུགས་པའི་ཁར་ ཕྱིར་ཚོང་ལུ་ཡང་ ལྷན་ཐབས་སྦོམ་འབད་ཚུགས་པའི་ འོས་འབབ་ཚུ་འདུག་ཟེར་བཀོད་ནུག།

དེ་གིས་ བཟོ་གྲྭའི་ས་ཁོངས་ནང་ རིག་རྩལ་དང་ལྡན་པའི་མི་ མ་ལང་བའི་དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་ནི་ཨིནམ་ད་ ལཱ་གཡོག་འགན་ཁུར་ཚོགས་ཆུང་གིས་ དེ་ཚུ་ བསྟར་སྤྱོད་འབད་དགོ་ནི་ཨིན་པས།

དཀའ་ངལ་དེ་ སེལ་ཐབས་དོན་ལུ་ ཐབས་ཤེས་གཅིགཔོ་དེ་ ཚོང་འབྲེལ་གཞི་བཙུགས་ལྟེ་བ་དེ་ནང་ ཚོང་ལས་ཀྱི་མི་སྡེ་དང་གཅིག་ཁར་ མཐུན་འབྲེལ་ཡོད་པའི་ ཞབས་ཏོག་ཚུ་དགོ་པའི་ཁར་ སྦྱོང་བརྡར་ཚུ་ཡང་ དེ་དང་མཐུནམ་སྦེ་ འོང་དགོ་ནི་ཨིན་པས།

ན་གཞོན་ཚུ་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ སྦྱོང་བརྡར་བྱིན་ནིའི་ཐད་ རྒྱ་གར་ལུ་ཡོད་དོ་བཟུམ་སྦེ་ ད་ལྟོ་ལྷབ་སྟེ་ ཏི་རུ་ཤུལ་ལས་སྤྲོད་ནིའི་ ལས་རིམ་ཡོད་དོ་བཟུམ་སྦེ་ ང་བཅས་ན་ལུ་ཡང་ ཧེ་མར་ སྐྱིན་འགྲུལ་ལེན་ཏེ་ ལོག་སྤྲོད་ནི་དེ་ ཤུལ་ལས་སྤྲོད་ནིའི་ལམ་ལུགས་ གཞི་བཙུགས་འབད་དགོ་ནི་ཨིན་པས།

གདམ་ཁ་གཞན་མི་དེ་ ན་གཞོན་ཚུ་ལུ་ ལཱ་གཡོག་དང་ སྦྱོང་བརྡར་གྱི་གོ་སྐབས་དེ་ ཁོང་ལུ་དབང་ཆ་སྤྲོད་པ་ཅིན་ ན་གཞོན་ལུ་ དམིགས་གཏད་བསྐྱེད་དེ་ ཡུན་བརྟན་གྱི་ ལཱ་གཡོག་གི་གོ་སྐབས་ཡང་ བཟོ་ཚུགས་ནི་ཨིན་པས།

ལས་གཡོག་ལྷན་ཁག་གིས་ཡང་ ནང་བཟོ་དང་བཟོ་གྲྭ་ཚོང་ལས་ཁང་ནང་ ན་གཞོན་ཚུ་ གྲལ་གཏོགས་འབད་བཅུག་ནི་དང་ དེའི་དོན་ལུ་ ཚོང་ལས་ཁང་ལུ་ མ་དངུལ་དེ་ཡང་ ཐད་ཀར་དུ་ འཐོབ་ནི་ཡོདཔ་བཟོ་དགོ་ཟེར་ཨིན་པས།

རྒྱབ་སྣོན་ཅིག་དེ་ བདེ་བ་ཐང་ལུ་ཡོད་མི་ འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་སྤེལ་ཁང་ནང་ དུས་ཐུང་གི་ བཟོ་སྐྲུན་གྱི་སྦྱོང་བརྡར་ འགོ་བཙུགས་པ་ཅིན་ ད་ལྟོ་ བཟོ་བསྐྲུན་ནང་ མཁས་རིག་མ་ལང་མི་དང་ མ་འོངས་པའི་དཀ་འངལ་ཚུ་ བསལ་ཚུགས་ཟེར་ ཨིན་པས།

ནད་ཡམས་དེ་གིས་ ན་གཞོན་ཚུ་ལུ་ དཀའ་ངལ་ལེ་ཤ་བྱིན་ཡོདཔ་ལས་ ནད་ཡམས་ཞི་བའི་ཤུལ་ལས་ གནས་སྟངས་ལེགས་ བཅོས་འབད་དགོ་པ་ཅིན་ གཅིག་ ན་གཞོན་ཚུ་གིས་ འཕྲུལ་རིག་ཐོག་ལས་ ཤེས་ཡོན་དང་རིག་རྩལ་ཚུ་ སྦྱང་བ་འབད་དེ་ རང་གི་ ལྕོགས་གྲུབ་ཡར་དྲག་གཏང་ནི་དེ་ཨིནམ་ལས་ དེ་གི་དོན་ལུ་ གཞུང་གིས་ སྒེར་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ན་གཞོན་ཚུ་ རིག་རྩལ་དང་ལྕོགས་གྲུབ་ཅན་བཟོ་ནིའི་ནང་ ལཱ་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *