རྟ་མགྲིན་དབང་ཕྱུག་(ཁེན་འཇར་ཧོནམོ་)གིས་ སའུ་དི་ ཨ་ར་བི་ཡའི་ རྩེད་འགྲན་པ་དང་གཅིག་ཁར་ སྐེད་བཤེད་རྐྱབ་པའི་བསྒང་།

འབྲུག་པའི་སྐེད་བཤེད་རྐྱབ་མི་གིས་ འཛམ་གླིང་སྐེད་བཤེད་འགྲན་བསྡུར་ནང་ ཕམ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཇ་པཱན་ ཊོ་ཀི་ཡོ་ལུ་སྦེ་ འཛམ་གླིང་སྐེད་བཤེད་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ འབྲུག་ལས་ ཕོ་སྐྱེས་༣ གྱིས་ བཅའ་མར་གཏོགས་ཡོད་རུང་ རྒྱལ་ཁ་འཐོབ་མ་ཚུགས་པས།
མཐར་འཁྱོལ་རྩེད་འགྲན་ནང་ ལྗིད་ཚད་༧༣ འབད་མི་ རྟ་མགྲིན་དབང་ཕྱུག་གིས་ སའུ་དི་ ཨ་ར་བི་ཡ་ལས་ འཛམ་གླིང་ནང་ གནས་རིམ་༡༧༠ འབད་མི་ དོ་འགྲན་པ་དང་གཅིག་ཁར་ འགྲན་བསྡུར་འབད་ཡོདཔ་ད་ ཀུན་ལེགས་ཚེ་རིང་གིས་ ལྗིད་ཚད་༦༦ ནང་ ཧའི་ཊི་རྒྱལ་ཁབ་ཀྱི་ མི་ངོམ་དང་ དོ་འགྲན་འབད་ནུག།
དེ་བཟུམ་སྦེ་ ལྗིད་ཚད་༦༠ ནང་ ངག་དབང་རྣམ་རྒྱལ་གྱིས་ བལ་ག་རཱན་རྒྱལ་ཁབ་ཀྱི་ མི་ངོམ་དང་ དོ་འགྲན་འབད་ཡོད་རུང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ མཐར་འཁྱོལ་སྐོར་ཐེངས་ནང་ ཕམ་སོ་ནུག།
ཁོང་༣ གྱིས་ འཛམ་གླིང་ནང་ དྲགོས་ཀྱི་མིང་གཏམ་ཐོན་མི་ཚུ་དང་གཅིག་ཁར་ དོ་འགྲན་འབད་ཡོད་རུང་ རྒྱལ་ཁ་འཐོབ་ནི་ལུ་ ལཱ་ཁག་བཏང་ཡོདཔ་ལས་ འགོ་འདྲེན་འཐབ་མི་ ཇ་པཱན་ལས་ སྐེད་བཤེད་ཚོགས་པའི་ འགོ་དཔོན་ཚུ་དང་ཕྱད་ཡོདཔ་བཞིན་དུ་ ད་ལས་ཕར་ ལམ་སྟོན་དང་ སྦྱང་བ་ཐེབས་འབད་དགོཔ་འདུག་ཟེར་ སླབ་ནུག།
སྐེད་བཤེད་ཚོགས་པའི་ཁྲི་འཛིན་ མི་ཡ་ཟ་ཝ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་པའི་རྩེད་འགྲན་པ་ཚུ་ ད་ལྟོ་ སྦྱང་བ་འབད་ནི་ འགོ་བཙུགསཔ་ཅིག་ཨིནམ་ལས་ དུམ་གྲ་ཅིག་ དཀའ་ངལ་བྱུང་ཡོད་རུང་ མ་འོངས་པའི་ནང་ གོ་སྐབས་སྦོམ་ཡོདཔ་ལས་ འབྲུག་པའི་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ ཨིན་པས།
རྒྱལ་ཁབ་ནང་ སྐེད་བཤེད་རྩེད་ནིའི་ལས་རིམ་ འགོ་དང་པ་ར་ སྤྱི་ལོ་༢༠༡༠ ལུ་ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ སྐེད་བཤེད་སྡེ་ཕྲན་ གོང་འཕེལ་བཏང་སྟེ་ འབྲུག་སྐེད་བཤེད་ཚོགས་པ་སྦེ་ མིང་བསྒྱུར་བཅོས་འབད་ནུག།
སྤྱི་ལོ་༢༠༡༦ ལུ་ ཚོགས་པ་དེ་ རྒྱལ་སྤྱི་སྐེད་བཤེད་ཚོགས་སྡེ་དང་ ཨེ་ཤེ་ཡ་ ཡུ་ནི་ཡོན་ཚོགས་པའི་ནང་ འཐུས་མི་སྦེ་ འཛུལ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༥ ལུ་ འགོ་བཙུགས་མི་ འཛམ་གླིང་སྐེད་བཤེད་རྩེད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༡ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *