སྤ་རོ་ཨེཕ་སི་(ཁེན་འཇར་དཀརཔོ་)དང་ འབྲུག་ཨེཕ་ཨེཕ་ ཨེ་ཀ་ཌ་མི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

འབྲུག་པ་རའེ་མེ་རི་ལིག་ ཕུཊ་བཱོལ་རྩེད་འགྲན་ འགོ་བཙུགས།

༉ རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ འབྲུག་པ་རའེ་མེ་རི་ལིག་ ཕུཊ་བཱོལ་རྩེད་འགྲན་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོདཔ་ད་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ བདུན་ཕྲག་ངལ་གསོའི་སྐབས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྡེ་ཚན་༡༠ གྱི་བར་ན་ ལིག་སྐོར་ཐེངས་རྩེད་འགྲན་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ སྤ་རོ་དང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ སྐྱེས་ལོ་༡༩ མན་ཆད་འབད་མི་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྤ་རོ་སྡེ་ཚན་གྱིས་ གཱོལ་༦ བཙུགས་ཏེ་ཕམ་བཏང་པའི་སྐབས་ བྱང་ཕྱད་ཀྱིས་ གཱོལ་༡ ཡང་བཙུགས་མ་ཚུགས།
སྤ་རོ་ཨེཕ་སི་སྡེ་ཚན་ནང་ ཕྱིའི་རྒྱལ་ཁབ་ ཀེ་མི་རཱོན་ལས་ རྩེད་འགྲན་འབད་མི་ཚུ་ཡོདཔ་ད་ ད་ལྟོ་ཚུན་ སྡེ་ཚན་གྱིས་ ཐིམ་ཕུག་སི་ཊི་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ ཊཱནསི་པོརཊི་སྡེ་ཚན་ལས་ ཕམ་ཡོདཔ་ཨིན།
སྤྱི་ཟླ་༧ པའི་ཚེས་༣ ལུ་ སྤ་རོ་ འུ་ཆུ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྤ་རོ་ཨེཕ་སི་དང་ ཐིམ་ཕུག་སི་ཊི་གི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུག་སི་ཊི་ལུ་ གཱོལ་༤ བཙུགས་བཏང་ནུག།
ཨང་༤ པ་དེ་ སྐུགས་༦ ཐོབ་མི་ ཨྱོན་ཨེ་ཀ་ཌ་མི་དང་ སྤ་རོ་ཡུ་ནའེ་ཊེཌ་ཨེཕ་སི་དང་ འབྲུག་ཨེཕ་སི་སྡེ་ཚན་ གྱིས་ སྐུགས་༤ རེ་དང་ ཐིམ་ཕུག་ཨུཕ་སི་དང་ བི་ཨེཕ་ཨེཕ་ ཨེ་ཀ་ཌ་མི་གཉིས་ལུ་ སྐུགས་༣ འདྲེན་འདྲ་ཐོབ་ཡོདཔ་ད་ འབྲུག་ཨིས་ཊར་དང་ ཕུན་ཚོགས་གླིང་ཨེཕ་སི་སྡེ་ཚན་༢ ལུ་ སྐུགས་གཅིག་ཡང་ ཐོབ་མ་ཚུགས་པས།
ནངས་པར་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ དང་པ་ ཕུན་ཚོགས་གླིང་ཨེཕ་སི་དང་ འབྲུག་ཨིས་ཊར་སྡེ་ཚན་༢ ཀྱི་བར་ན་ འགྲན་བསྡུར་འབད་བའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༨ ལས་ ཐིམ་ཕུག་སི་ཊི་དང་ ཧའི་ཀོ་ལི་ཊི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༠ ལུ་ སྤ་རོ་ཡུ་ནའེ་ཊེཌ་དང་ ཊཱནསི་པོརཊ་ཡུ་ནའེ་ཊེཊ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *