སངས་རྒྱས་ཀྱི་སྐུ་འདྲ་དང་ འཁོར་ཉན་ཐོས་དགྲ་བཅོམ་པ་ཚུ།

འབྲུག་གིས་ སྤྱ་རྩི་པེམ་འབར་གྱི་ དུས་སྟོན་ནང་གྲལ་གཏོགས་འབད་ཡོདཔ།

༉ ཨུ་བཱོན་ ར་ཅཱཊ་ཐ་ནི་མངའ་སྡེའི་ སྤྱི་ཁྱབ་ཀྱིས་ མགྲོན་བརྡ་འབདཝ་བཞིན་དུ་ ཐའི་ལེནཌ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་དང་ འབྲུག་པའི་སློབ་ཕྲུག་ཚུ་གིས་ སྤྱི་ཟླ་༧ པའི་ཚེས་༡༦ དང་༡༧ ལུ་ ཀེན་ཌཱལ་ཕེསི་ཊི་བཱལ་ཟེར་མི་ སྤྱ་རྩི་པེམ་འབར་གྱི་ དུས་སྟོན་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ དུས་སྟོན་གྱི་ བརྗོད་དོན་དང་འཁྲིལ་ སྤྱ་རྩི་པེམ་འབར་གྱིས་བཟོ་མི་ མཆོད་རྟེན་ཅིག་བཟོ་མིའི་ ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་མ་ཚད་ འབྲུག་པའི་སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ ཞབས་ཁྲའི་ལས་རིམ་ཚུ་ སྤྱན་འབུལ་ཞུ་ཡོདཔ་ད་ སྤྱ་རྩི་པེམ་འབར་གྱི་ དུས་སྟོན་ནང་ བཅའ་མར་གཏོགས་མི་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ཨིན་པས།
ཨུ་བཱོན་ ར་ཅཱཊ་ཐ་ནི་མངའ་སྡེའི་དོན་ལུ་ སྤྱ་རྩི་པེམ་འབར་གྱི་ དུས་སྟོན་དེ་ ནང་པ་སངས་རྒྱས་པའི་ ཆོས་དང་འབྲེལ་བའི་ ལས་རིམ་མ་འདྲཝ་ཅིག་སྦེ་ བརྩི་སྲུང་འབདཝ་བཞིན་དུ་ སྤྱ་རྩི་པེམ་འབར་གྱིས་བཟོ་མི་སྐུ་དང་ གཟུགས་བརྙན་ཚུ་ ཚོགས་བསག་ནིའི་དོན་ལུ་ སྤྱན་འབུལ་ཞུ་དོ་ཡོདཔ་མ་ཚད་ དེ་ཚུ་ ལྷ་ཁང་ནང་ ཆིབས་གྲལ་བཙར་ཏེ་ གདན་འདྲེན་མ་ཞུ་བའི་ཧེ་མར་ མི་མང་ལུ་ འགྲེམས་སྟོན་འབདཝ་ཨིན་པས།
ནང་པ་དང་འབྲེལ་བ་ཡོད་པའི་ དུས་སྟོན་བརྩི་སྲུང་གི་ ལམ་སྲོལ་དེ་ ལོ་ངོ་༡༡༧ གྱི་ཧེ་མར་ འགོ་བཙུགས་ཡོདཔ་ལས་ ཨུ་བཱོན་ ར་ཅཱཊ་ཐ་ནི་མངའ་སྡེའི་ མི་སྡེ་ཚུ་གིས་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་དེ་ཡོད་པའི་གནས་ཚུལ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *