འབྲུག་ཕེ་བི་རི་ཀེ་ཤན་ཚན་རིག་བརྟག་དཔྱད་ཁང་གིས་ འགྲན་བསྡུར་དོན་ལུ་ ན་གཞོན་ཚུ་ གདམ་འཐུ་འབད་ནི།

འབྲུག་གིས་ འཕྲུལ་རིག་རོ་བོ་ཊིགསི་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི།

༉ དུས་ཅི་ མེག་སི་ཀོ་ཁྲོམ་སྡེ་ནང་ འཛམ་གླིང་རོ་བོ་ཊིག་ཟེར་མི་ འཕྲུལ་རིག་ཨོ་ལིམ་པིག་འགྲན་བསྡུར་ནང་ འབྲུག་མི་༣ གྱིས་ བཅའ་མར་གཏོགས་ནི་ཨིན་པས།
རྒྱལ་སྤྱི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་ཕེ་བི་རི་ཀེ་ཤན་ཚན་རིག་བརྟག་དཔྱད་ཁང་གིས་ དང་འདོད་ཅན་གྱི་ ན་གཞོན་ཚུ་ལུ་ མགྲོན་བརྡ་འབད་མི་དེ་ འགོ་དང་པ་ཨིནམ་ད་ འཛམ་གླིང་གཞུང་མིན་ལས་ཚོགས་ཅིག་ཨིན་མི་ ཚན་རིག་བརྟག་དཔྱད་ཁང་གིས་ འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ན་ཧིང་ འགྲན་བསྡུར་ནང་ རྒྱལ་ཁབ་༡༧༠ གིས་ བཅའ་མར་གཏོགས་ཡོདཔ་ད་ དུས་ཅི་ འགྲན་བསྡུར་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༥-༡༨ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
འགྲན་བསྡུར་ནང་ སྐྱེས་ལོ་༡༤ ལས་༡༨ ཀྱི་བར་འབད་མི་༣ དང་ ཐབས་ཤེས་གྲོས་སྟོན་པ་ དེ་ལས་ སྡེ་ཚན་འཛིན་སྐྱོང་པ་རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
བཅའ་མར་གཏོགས་མི་༣ གྱི་གྲས་ལས་༡ སྐྱེས་ལོ་༡༨ ལང་མི་ རིན་འཛིན་ཚེ་བརྟན་དེ་ འདམ་འཐུ་འབད་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ སློབ་རིམ་༡༢ པ་ མཐར་འཁྱོལ་ཏེ་ བརྟག་དཔྱད་ཁང་ནང་ ལཱ་འབད་དེ་ ཟླཝ་༣ ལང་ཡོདཔ་ཨིན་པས།
བརྟད་དཔྱད་ཁང་གི་ འཛིན་སྐྱོང་པ་ ཚེ་དབང་བསྟན་འཛིན་རབ་བརྟན་གྱིས་ སླབ་མིའི་ནང་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་ལེན་ནིའི་དོན་ལས་ བརྟག་དཔྱད་ཀྱི་ འཐུས་མི་རྐྱངམ་གཅིག་མེན་པར་ དང་འདོད་ཅན་གྱི་ ན་གཞོན་ག་ར་འབད་རུང་ སྤྱི་ཟླ་༥ པའི་ཚེས་༡༥ ནང་འཁོད་ལུ་ ཐོ་བཀོད་འབད་དགོཔ་བཞིན་དུ་ ན་གཞོན་༡༠-༢༠ དེ་ཅིག་ གདམ་འཐུ་འབད་འོང་ཟེར་ཨིན་པས།
བརྟག་དཔྱད་ཁང་གིས་ འགྲན་བསྡུར་ནང་ གདམ་འཐུ་གྲུབ་མི་ ན་གཞོན་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ཨིན་པས།
ད་རེས་ འགྲན་བསྡུར་གྱི་དོན་ལུ་ ན་གཞོན་༢༥ གིས་ ཐོ་བཀོད་འབད་ཡོད་རུང་ མང་ཤོས་ར་ ཐིམ་ཕུག་གི་ སློབ་ཕྲུག་ཚུ་ནང་ལས་ཨིན་པའི་ཁར་ དེ་ནང་ ཨམ་སྲུ་ཕུད་རྡོག་༡ ཡང་མེདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *