འབྲུག་གིས་ ནེ་པཱལ་ལས་ཡང་ རྒྱལ་ཁ་ཐོབ་ཡོདཔ།

ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཨེསི་ཨེ་ཨེཕ་ཨེཕ་ཟེར་མི་ ལྷོ་ཨེ་ཤི་ཡའི་ ཕུཊ་བཱོལ་ཚོགས་སྡེའི་ སྐྱེས་ལོ་༡༨ མན་ཆད་འབད་མི་ རྩེད་འགྲན་༣ པ་དེ་ འབྲུག་རྒྱལ་ཡོངས་སྡེ་ཚན་དང་ ནེ་པཱལ་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་གིས་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།

ད་རེས་ རྒྱལ་སྤྱི་ལས་ འབྲུག་གིས་ རྒྱལ་ཁ་ཐོབ་མི་དེ་ ཐེངས་༢ པ་ཨིན་མི་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཨེསི་ཨེ་ཨེཕ་ཨེཕ་འགྲན་བསྡུར་ འགོ་བཙུགས་པའི་སྐབས་ འབྲུག་གིས་ མཱལ་ཌིབསི་ལུ་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན།

འབྲུག་དང་ ནེ་པཱལ་གྱི་བར་ན་ རྩེད་འགྲན་འབད་བའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༧ ལས་ བང་ལ་དེཤ་དང་ མཱལ་ཌིབསི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབདཝ་ད་ བང་ལ་དེཤ་གིས་ མཱལ་ཌིབསི་ལུ་ གཱོལ་༢ བཙུགས་ཏེ་ ཕམ་བཏང་ཡི།

ནངས་པར་ཕྱི་རུའི་ཆུ་ཚོད་༤ ལུ་ ནེ་པཱལ་དང་ མཱལ་ཌིབསི་གི་བར་ན་ རྩེད་འགྲན་འབད་ནི་དང་ ཕྱི་རུའི་ཆུ་ཚོད་༧ ལས་ རྒྱ་གར་དང་ འབྲུག་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།

དེ་ལས་ སྤྱི་ཟླ་༩ པའི་ཚེས་༢༥ གི་ཕྱི་རུའི་ཆུ་ཚོད་༤ ལུ་ རྒྱ་གར་དང་ མཱལ་ཌིབསི་ དེ་ལས་ ཕྱི་རུའི་ཆུ་ཚོད་༧ ལུ་ བང་ལ་དེཤ་དང་ ནེ་པཱལ་གྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ སྤྱི་ཚེས་༢༧ ལུ་ འབྲུག་དང་ བང་ལ་དེཤ་གི་བར་ན་ རྩེད་འགྲན་འབད་བའི་ཤུལ་ལས་ ནེ་པཱལ་དང་ རྒྱ་གར་གྱི་བར་ན་ རྩེད་འགྲན་འབད་དེ་ མཇུག་བསྡུ་ནི་ཨིན་པས།

རྩེད་འགྲན་འབད་མི་ སྡེ་ཚན་༥ གི་གྲས་ལས་ སྐུགས་མཐོ་ཤོས་ཐོབ་མི་དང་འཁྲིལ་ རྒྱལ་ཁའི་གསལ་བསྒྲགས་འབད་ནི་ཨིན་པས།

སྐྱེས་ལོ་༡༨ མན་ཆད་འབད་མི་ རྩེད་འགྲན་པ་ཚུ་གི་དོན་ལུ་ འབྲུག་གིས་ འགོ་འདྲེན་འཐབ་མི་ ཨེསི་ཨེ་ཨེཕ་ཨེཕ་རྩེད་འགྲན་དེ་ ཐེངས་དང་པ་ཨིན་པའི་གནས་ཚུལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *